| | e-texts navigator
|
95b1 འོ་སྐྱོ་འཐུང་ཞིང་ལན་འབུམ་བཟླས་བརྗོད་བགྱིས་ན་རིག་པའི་རྒྱལ་པོའི་མཆོག་རང་གི་གཟུགས་སུ་མཐོང་བར་འགྱུར་ཏེ། དེལ་བུ་ཅི་བྱ་ཞེས་གསུང་བར་འགྱུར་རོ།། དེ་ངེས་བཅོམ་ལྡན་འདས་ལས་ཐམས
95b2 ཅད་མཛད་དུ་གསོལ་ཞེས་བརྗོད་པར་བགྱིའོ།། དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་འགྱུར་རོ།། དེ་ནས་ཡིད་ཀྱིས་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་ཡང་འགུག་གོ།། གྲོག་མཁར་གྱིས
95b3 ལ་སྦྲུལ་བགྱིས་ཏེ་སྔགས་ཀྱིས་བཏབ་ན་ཀླུ་ཐམས་ཅད་མཆིའོ།། དབང་དུའང་འགྱུར་རོ།། གསེག་མཱ་ལ་ལན་བདུན་བསྔགས་ཏེ་མཚེར་བོར་ན་མཚོ་སྐམ་པར་འགྱུར་རོ།། འབབ་ཆུ་ཆེན་པོར་བོར་ན་བབ
95b4 ཆུ་ཆེན་པོ་སྐམ་པར་འགྱུར་རོ།། གང་དུ་བོར་བ་དེ་སྐམ་པར་འགྱུར་རོ།། བདག་གི་རིག་པའི་རྒྱལ་པོ་འདི་ནི་རིག་པའི་རྒྱལ་པོ་ཐམ་ཅད་རིག་པ་ཐམས་ཅད་ཀྱི་མཆོག་ཏུ་བརྗོད་པའོ།། གལ་ཏེ་རིག་པ་གཞན་དག་གི་ལས་མི
95b5 འཚལ་ནའང་སྦྱོར་བ་འདིས་རིག་པ་ཐམས་ཅད་སྦྱོར་བར་བགྱིའོ།། ལས་ཐམས་ཅད་བགྱིད་དོ།། ལས་བགྱིད་ན་རིག་པའི་རྒྱལ་པོ་དང་ལྷན་ཅིག་ལན་གསུམ་བརྗོད་ལ་འགའ་ཞིག་མ་མཆིས་ན། དེའི་མགོ
95b6 དུམ་བུ་ཟིབ་ཐིག་ལེའི་སྙིམ་བཞིན་དུ་འགས་པར་འགྱུར་རོ།། གང་གི་ཚེ་གསང་བ་པ་རྣམས་ཀྱིས་གསང་སྔགས་གྲུབ་པ་དེའི་ཚེ། ལས་ཐམས་ཅད་རིག་པའི་མཆོག་བཟླས་བརྗོད་བགྱིའོ།། མར་གྱི་ངོ
95b7 ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་བ་སྨང་སྤུ་མཐུན་གྱི་མར་གསར་བླངས་ཏེ། མར་གསར་དེས་སེང་ལྡེང་གི་མེར་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན།
iiif viewer powered by OpenSeadragon
95a - 96a