e-texts navigator
Collection
Volume
Page
Wylie

95a1 བཤིག་པར་བགྱིད་འཚལ་བས་རིག་སྔགས་དེ་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བརྗོད་ན་རིག་སྔགས་ཐམས་ཅད་བཤིག་པར་འགྱུར་ཏེ་ལས་མི་བཅད་དོ།། རིག་པ་འདུན
95a2 པར་འཚལ་བས་མར་གྱི་རོ་འག་བརྒྱད་ལ་ཉིན་ཞག་གཅིག་སྤྱང་བར་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ཏེ། རིག་སྔགས་ཀྱི་སྙིང་པོ་དང་ལྷན་ཅིག་ལྡན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་རིག་པོ།
95a3 འགུགས་ཏེ་ཕྱིས་རིག་པ་སྒྲུབ་བོ།། རིག་པ་ཉམས་པར་བགྱིས་ན་བཟླས་བརྗོད་བྱས་པས་ཆོག་སྟེ། ཆེ་གེ་མོའི་རིག་པ་ལ་གནོད་པ་མཛོད་ཅིག་ཅེས་བགྱིས་ན་རིག་པ་དེ་ལས་མི་བགྱིད་དོ།། རིག་པ་ར
95a4 གཅད་པར་བགྱི་ན་ཐལ་བ་ལ་གཟུགས་བགྱིས་པ། རིག་པ་མཆོག་གི་སྙིང་པོ་དང་ལྡན་ལྷན་ཅིག་བརྗོད་ལ་རྐང་པ་གཡོན་པས་ཀྱང་ཕྱིས་ན་རིག་པ་སྨད་པ་དང་ཉམས་པར་འགྱུར་ཏེ་ལས་མི་བགྱིད་དོ།། གལ་ཏེ
95a5 རིག་སྔགས་འཆང་གཞིག་པར་འཚལ་ན། ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་འཆང་གི་མིང་ནས་བརྗོད་དེ་མར་མེའི་སྙིང་པོ་མེ་ལྕེ་དང་བཅས་པ་བདུན་སྦྱིན་སྲེག་བགྱིས་ན་རིག་སྔགས་འཆང་བ་བཤིག་པར
95a6 འགྱུར་ཏེ་བསོད་ནམས་ཀྱང་འཇིག་གོ། སྲོག་ཀྱང་འཇིག་གོ།། རིག་སྔགས་འཆང་དེའི་ཚེ་ཇི་ཙམ་པར་གསང་སྔགས་རྣམས་མི་འགྲུབ་བོ།། སླར་གསོ་བར་བགྱི་ནཱ་མ་ལ་ཏིའི་མེ་ཏོག་མུར་ལ་བསྙུགས།
95a7 པའི་སྦྱིན་སྲེག་བགྱི་བ་ལན་ཉི་ཤུ་རྩ་གཅིག་ལག་ན་རྡོ་རྗེའི་མདུན་དུ་སྦྱིན་སྲེག་བགྱིས་ན་རིག་པ་འགྲུབ་བོ།། ལས་འདི་དག་ནི་མ་བསྒྲུབས་ཀྱང་བགྱིད་དོ།། ཅི་སྟེ་བགྱིད་འཚལ་ན་རི་ལ་འཛེགས་ཏེ་ཁ་ཟས།




iiif viewer powered by OpenSeadragon

94b - 95b

Texts on this page

Ty072-013 - 'phags pa rig pa mchog gi rgyud chen po