e-texts navigator
Collection
Volume
Page
Wylie

94a1 ཀློག་པ་དང་། མཆོད་པར་བགྱིད་པ་དང་། སྒྲུབ་པའི་རིག་སྔགས་འཆང་དེའི་བརྩོན་པ་བསྐྱེད་པར་བགྱིའོ།། བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།།
94a2 དེ་ནས་རིགས་པའི་རྒྱལ་ངོའི་ལས་ནི་འདི་ལགས་ཏེ། སྲང་བུ་འམ། ཐལ་བ་འམ། ཆུ་ལ་ལན་ཅིག་བརྗོད་པས་སྲུང་བར་འགྱུར་རོ།། རིགས་སྔགས་གཙང་ན་མཚོན་རྔོན་པ་ལ་ལན་གཉིས་བརྗོད་དེ་རྩ
94a3 ཀུ་ཤ་གཅད་དོ།། ཡང་ནས་དྲའོ།། དེ་ལྟར་ན་རིགས་སྔགས་ཐམས་ཅད་བཅད་པར་འགྱུར་རོ།། ལན་གསུམ་བརྗོད་ན་རིགས་ག་འཆང་བར་འགྱུར་ཏེ། མར་གྱི་ངོ་ཞག་བརྒྱད་ལ་འཕགས་པ་ལག་ན་རྡོ།
94a4 རྗེའི་མདུན་དུ་མཆོད་པ་བགྱིས་ལ་རིགས་སྔགས་གང་ཡི་གེ་མ་ཚང་བ་འམ། དྲན་པ་ཉམས་པ་དེ་ལན་བརྒྱ་རྩ་བརྒྱད་བརྗོད་དེ་རིགས་པའི་མཆོག་གི་སྙིང་པོ་དང་ལྷན་ཅིག་ཏུ་ལན་གསུམ་བརྗོད་ན་རྨི་ལམ་དུ་སྟོན
94a5 ཏོང་ཅི་སྟེ་ལས་བཅད་པར་གྱུར་ན་རྩཝ་ཀུ་ཤས་བྱབ་པར་བྱ་སྟེ་རྫོགས་པར་འགྱུར་རོ།། ལག་ན་རྡོ་རྗེའི་མདུན་དུ་ལན་བཞི་བརྗོད་ན་དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་རོ།། ཅི་འདོད་པ་ཡིད་བཞིན་དུ་སྦྱོར།
94a6 བ་བགྱིས་ན་ལས་རྣམས་སུ་འགྱུར་རོ།། གདོན་ཚར་གཅད་ན་ཐལ་བ་འམ། ཆུ་འམ། དུར་ཁྲོད་ཀྱི་སོལ་བས་བསྣུན་ནོ།། ཡང་ན་གཟུགས་བགྱིས་ཏེ་ལྕུག་མས་གཞུས་ན་གཏོང་བར་འགྱུར་རོ།།
94a7 ཡང་ནས་ལ་གཟུགས་བགྱིས་ཏེ་དུར་ཁྲོད་ཀྱི་སོལ་བས་ལག་མཐིལ་ལ་རྡོ་རྗེ་བྲིས་ཏེ་ལག་པས་བཀབ་ན་གཏོང་བར་འགྱུར་རོ།། སྐུད་པ་ལ་བདུད་པ་བོར་བ~ཾ་རྣམས་ཀྱིས་རིག་སྔགས་བཅིང་ངོ་།།




iiif viewer powered by OpenSeadragon

93b - 94b

Texts on this page

Ty072-013 - 'phags pa rig pa mchog gi rgyud chen po