| | e-texts navigator
|
92b1 འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ར་བཅོམ་ལྡན་འདས་མཉན་ཡོད་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྟིར་གྱི་ཀུན
92b2 དགའ་ར་བ་ན་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་རིག་པ་བྱེ་བ་ཕྲག་དུ་མས་བསྐོར་ནས། བཅོམ་ལྡན་འདས་ག
92b3 ལ་དེར་སོང་སྟེ་ཕྱིན་ན་ས་བར་སྣང་ལས་བབས་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ
92b4 བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་རིག་པ་བྱེ་བ་དུ་མས་ཡོངས་སུ་བསྐོར་ནས་འཁོར་དེ་ཉིད་དུ
92b5 འདུས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།
92b6 དེ་ནས་འབྱུང་པོའི་བདག་པོའི་དབང་ལྡན་འབྱུང་པོ་བྱེ་བ་ཕྲག་དུ་མས་བསྐོར་ནས་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་དང་ཕྱག་ན་རྡོ་རྗེ་ལ་མགོ་བོས་འཕྱག་འཚལ་ཏེ།
92b7 ཕྱོགྲོ་གཅིག་ཏུ་འདུག་གོ།། དེ་ནས་གདོལ་པའི་རྒྱལ་པོ་ཕུར་བུ་གསུམ་པའང་འཁོར་ཉིད་དུ་འདུས་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་བཞིའང་གཡོག་འཁོར་བྱེ་བ་ཕྲག་དུ་མས་ཀུན་ནས་བསྐོར་ཏེ་འཁོར་དེ་ཉིད་དུ།
iiif viewer powered by OpenSeadragon
92a - 93a