| | e-texts navigator
|
87b1 པར་འཕེལ་མ། མཐོང་མ། ཆོས་ཀྱི་དཔལ་མ། ཁྱབ་འཇུག་ལ་བརྟེན་མ། ཀུ་མུ་ད་ལ་གནས་མ། གནོད་སྦྱིན་མ། བཟོད་སྦྱིན་མ། མཐུ་རྡུལ་གྱི་གནས་མ་དག་བྱེད་དང་བཀྲ་ཤིས་ཐམས་ཅད་ཀྱི།
87b2 ལག་ལྔན་མ། བཀྲ་མི་ཤིས་པ་ཐམས་ཅད་འཇིག་བྱེད་མ། བསོད་ནམས་ཐམས་ཅད་སྡུད་པའི་དཔལ་ས་ཐམས་ཅད་དང་རྒྱལ་པོ་ཐམས་ཅད་ཀྱི་དཔལ། རིག་སྔགས་འཆང་གི་རྒྱལ་པོ་ཐམས་ཅད་ཀྱི
87b3 དཔལ། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ། ལྷའི་གནས་དང་། ལྷ་ཐམས་ཅད་ཀྱི་དཔལ།
87b4 བཟླས་བརྗོད་དང་། བཟླས་བརྗོད་དུ་བྱ་བ་དང་། སྦྱིན་སྲེག་དང་། སྦྱིན་སྲེག་ཏུ་བྱ་བ་དང་། བཀྲ་ཤིས་ཐམས་ཅད་ཀྱི་དཔལ། འོད་ལྡན་པ་མཆོག་དགའ་མ་སྐལ་བས་འགྱུར་མ། དྲང་སྲོང
87b5 ཐམས་ཅད་དགའ་བར་བརྗོད་པའི་དཔལ། བུད་མེད་ཐམས་ཅད་ཀྱི་གནས། ཀུན་གྱི་གཙོ་མོ་དཔལ་གྱི་མཆོག། མི་འམ་ཅི་མོ་ཐམས་ཅད་དང་། ལྷ་མ་ཡིན་མོ་ཐམས་ཅད་ཀྱི་དཔལ་གྱི་མཆོག། ཁ་ན
87b6 མ་ཐོ་བ་མེད་པའི་གནས་ན་འདུག་མ། ཡིད་འོང་བ་སིམ་བྱེད་མ། ལུས་ངན་ལ་སྡུག་པ། ཆོས་ཀྱི་རྒྱལ་པོའི་དཔལ། ཨོཾ་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གཟིགས་ཤིང་སྒྲོལ་ཅིག། ཐར
87b7 པར་མཛོད་ཅིག། བསོད་ནམས་ཀྱི་ཚོགས་ཐམས་ཅད་བདག་ལ་མངོན་དུ་གྱུར་པར་མཛོད་ཅིག་སྭཱ་ཧཱ། ཨོཾ་གངྒ་སརྦ་ཏིརྠ་མུ་ཁེ་སྭཱ་ཧཱ། ཨོཾ་སརྦ་བིཏྟེ་སྭཱཧཱ། སརྦ་མཾ་ག་ལ་དྷཱ་ར་ཎི་སྭཱ་ཧཱ། ཙ་ཏུ་ར་བེ་ད
iiif viewer powered by OpenSeadragon
87a - 88a