| | e-texts navigator
|
87a1 ། མ་པདྨ་དང་ལྡན་པ། རིན་པོ་ཆེ་འོད་འབར་བའི་འཕྲེང་བ་དུ་མ་དང་ལྡན་ད། ནོར་སྦྱིན་མ། དཀར་མོ། དཀར་མོ་ཆེན་མོལག་དཀར་མ་བཀྲ་ཤིས་ཐམས་ཅད་འཛིན།
87a2 མབསོད་ནམས་ཐམས་ཅད་བསགས་པའི་ལུས་ཅན་མ། ཤེས་ཉེན་གྱི་བུ་མོ་ལག་པ་འབུམ་ལྡན་མ། མིག་འབུམ་ལྡན་མ་མགོ་འབུམ་ལྡན་མ། ནོར་བུ་རྣམ་པ་སྣ་ཚོགས་ཀྱི་ཅོད་པན་དང
87a3 ལྡན་མ། གཟུགས་བཟང་མ། ཀུན་གྱི་གཟུགས་ཅན་མ། གྲགས་མཤིན་ཏུ་གྲག་ས་མཞིམ། སྤྲིན་འདྲ་བའི་སྒྲ་གཙང་མ། ཟླ་བ་ལྟར་མཛེས་མ་དགེ་མ། དགེ་བྱེད་མ། སེམས
87a4 ཅན་ཐམས་ཅད་ལ་མངོན་དུ་ཕྱོགས་པའི་དཔལ་འཕགས་མ་མེ་ཏོག་གི་དཔྲལ་མེ་ཏོག་གི་དབང་ཕྱུག་མརིའི་རྒྱལ་པོ་རི་རབ་ཐམས་ཅད་ཀྱི་དཔལ་ཆུ་ཀླུང་དང་མཚོ་ཐམས་ཅད་ཀྱི་དཔལ།
87a5 ཆུ་དང་རྒྱ་མཚོ་ཐམས་ཅད་ཀྱི་དཔལ། མུ་སྟེགས་ཐམས་ཅད་མངོན་དུ་ཕྱོགས་པའི་དཔལ་སྨན་དང་། རྩཝ་དང་། ནག་ས་ཚལ་དང་། ནོར་དང་འབྲུ་ཐམས་ཅད་ཀྱི་དཔལ་གསེར་སྦྱིན
87a6 མ་ཟས་དང་སྐོམ་སྦྱིན་མ། འོད་གསལ་མ། སྣང་མ། ལུས་གཙང་མ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་སྒྱུར་མ། ལྷའི་ཚོགས་ཐམས་ཅད་ལ་མངོན་དུ་ཕྱོགས་མའི་དཔལ
87a7 གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། བརྒྱ་བྱིན་ལ་སོགས་པའི་དཔལ། སྦྱིན་བྱེད་མ། ལོངས་སྤྱོད་མ། གཟི་བརྗིད་མ། གཟི་བརྗིད་ལྡན་མ། ཕུན་སུམ་ཚོགས་མ། འབྱོར་པ་མ། རྣམ
iiif viewer powered by OpenSeadragon
86b - 87b