e-texts navigator
Collection
Volume
Page
Wylie

86b1 དཔལ་གྱི་མིང་རྣམ་པར་འོད་ཅིག། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ། ལྷ་ཐམས་ཅད་ཀྱི་དབང་བསྐུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། ལྔ་ཐམ།
86b2 ཅད་ཀྱིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ། བྱང་ཆུབ་སེམས་དཔའ་ཐམས་ཅན་ཀྱི་དཔལ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དཔལ། ཚངས་པ་དང་། ཁྱབ།
86b3 འཇུག་དང་། དབང་ཕྱུག་ཆེད་པོ་རྣམས་ཀྱི་དཔལ་ལྷ་ལ་སོགས་པ་ཐམས་ཅད་ཀྱི་དཔལ། གནས་ཐམས་ཅད་ཡོད་པའི་དཔལ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ
86b4 ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ། རིགས་སྔགས་འཆང་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེ་འཆང་ཐམས་ཅད་ཀྱི་དཔལ
86b5 འཇིག་རྟེན་སྐྱོང་བ་བཞི་དང་ལྔའི་དཔལ། གཟའ་བརྒྱད་དང་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དཔལ་ལོ།། ཨོཾ་ཉི་མའི་བུ་མོ་འམ། ཡུམ་རིག་བྱེད་བཞིའི་དཔལ། བཀྲ་ཤིས་མ། སེམས
86b6 ཅན་གྱི་མ། རྣམ་པར་རྒྱལ་མ། གངྒཱ་མ། མུ་སྟེགས་ཐམས་ཅད་མ། བཀྲ་ཤིས་ཐམས་ཅད་མ། དྲི་མ་མེད་པར་བྱེད་པའི་དཔལ། སྡིག་པ་ཐམས་ཅད་འཕྲོག་མ། རྒྱགས་བྱེད་མ།
86b7 ཟླ་བའི་དཔལ། ཉི་མའི་དཔལ། གཟའ་ཐམས་ཅད་ཀྱི་དཔལ། སེང་གེ་ལ་ཞོན་མ། པདྨའི་མཆོག་འབུམ་གྱིས་བཀབ་མ། པདྨ། པདྨ་ལས་བྱུང་མ། པདྨ་ལ་གནས་མ། པདྨ་འཛིན།




iiif viewer powered by OpenSeadragon

86a - 87a

Texts on this page

Ty072-009 - 'phags ma lha mo chen mo dpal lung bstan pa