| | e-texts navigator
|
86a1 བཞིན་གཤེགས་པ་ཕུན་སུམ་ཚོགས་པ་འགུགས་པའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པའི་མཚན་འདི་དག་རིམ་གྲོར་བྱས་ཏེ་བཅང་བར་བྱའོ།། བཀླག་པར
86a2 བྱའོ། དེ་ལྟར་བྱས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་ཤིན་ཏུ་མང་དུ་བསྐྱེད་པར་འགྱུར་རོ།། ལྷ་མོ་ཆེན་མོའི་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ཏེ།
86a3 ལྷ་མོ་ཆེན་མོ་དཔལ་ཁྱོད་མ་འོངས་པའི་དུས་ན་འཇིག་རྟེན་གྱི་ཁམས་དཔལ་ཆེན་པོ་རིན་པོ་ཆེས་བརྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
86a4 དཔལ་ནོར་བུ་རིང་པོ་ཆེ་ལས་བྱུང་བ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེའང་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་དེ
86a5 ཉིད་སྣང་བར་མཛད་པར་འགྱུར་ལ། འཇིག་རྟེན་གྱི་ཁམས་དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་རང་ལས་འོད་འབྱུང་ཞིང་ཚེ་དཔག་ཏུ་མེད་པར་འགྱུར་རོ།། ནམ་མཁའ་ལས་ཀྱང་སངས
86a6 རྒྱས་དང་། ཆོས་དང་། དགེ་འདུན་གྱི་སྒྲ་འབྱུང་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་གང་དག་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་པདྨའི་སྙིང་པོ་དག་ལས་སྐྱེ་བར
86a7 འགྱུར་རོ་ཞེས་ལུང་བསྟན་ཏོ།། དེ་ལ་མིང་བར་རྩ་བརྒྱད་དྲི་མ་མེད་པ་ལྟ་བུ་ཞེས་བྱ་བའི་བསྟོད་པ་རྒྱུན་ཆགས་བཅུ་གཉིས་གང་ཞེ་ན། འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་མོ་ཚོན་མོ།
iiif viewer powered by OpenSeadragon
85b - 86b