e-texts navigator
Collection
Volume
Page
Wylie

82a1 ། ཅན་མ།། འཇིག་རྟེན་ཁམས་འདིར་སྨྲ་ལ་དབང་བརྙེས་ཤིང་།། དྲང་སྲོང་རིག་གསུམ་རིག་པའི་ཕ་རོལ་གཤེགས།། དེ་ནི་སྤྱོད་པ་རྒྱ་ཆེན་རྣམས་ལས་བྱུང་།། སེམས་ཅན།
82a2 དོན་ཕྱིར་འཕྲིན་ལས་ཆེན་པོའི་ཁུར།། སྤྲོ་བར་དཀའ་བ་ཀུན་ཀྱང་ཁྱོད་ཀྱིས་མཛད།། ས་དང་ཕ་རོལ་ཕྱིན་པ་བཅུ་སྤྱད་པས།། དགེ་བའི་ཚོགས་བརྟན་ཡིད་བཞིན་ལུས་སུ་བསྒྱུར།། ཞལ་གྱི་དཀྱིལ
82a3 འཁོར་ཟླ་བ་དྲི་མེད་རྒྱས།། ཐུགས་རྗེའི་སྤྱན་གྱིས་འགྲོ་བའི་མིག་འབྱེད་པ།། དུས་རིང་འཇིག་རྟེན་ཀུན་ལ་བདེ་བར་གཟིགས།། དེ་ལ་དབང་པོ་ཚངས་སོགས་ཤིན་ཏུ་འདུད།། བྱམས་ཤིང་བཟོད་ལྡན
82a4 སྙིང་རྗེ་བསྐྱེད་པའི་མ།། ལྷ་མོ་མཆོག་དེ་འགྲོ་ཀུར་སྐྱོང་བར་དགྱེས།། ཐོར་ཙུགས་རི་བོ་རྩེ་འདྲ་སྤོབས་པ་འཕགས།། ཤེས་རབ་ཟབ་ཅིང་ཤེས་པའི་རྟེན་བྱེད་ཀྱང་།། རིགས་པའི་གནས་ལ་མངའ
82a5 བརྙས་ཚིག་གི་བདག། འཇིག་རྟེན་ན་ཡང་ལྷ་ཡི་ལྷར་གྱུར་ལ།། སྡུག་བསྔལ་བསལ་བར་རབ་བརྩོན་གཉེན་མཆོག་པས།། མུ་སུ་རྟོག་གེ་བ་རྣམས་ཀུན་ཀྱང་འདུད།། ཡན་ལག་རྣམ་པར་འབྱེས་ཤིང
82a6 གསུང་སྙད་པ།། ཡོན་ཏན་དྲི་མེད་བསོད་ནམས་འབར་བར་བསྒྱིངས།། རིག་པ་མཆོག་གི་དངོས་གྲུབ་སྦྱིན་མཛད་པ།། བློ་མྱུར་ཚིག་འཆང་སྤོབས་པའི་མཆོག་སྩོལ་ཅིག། སེམས་ཅན་ཀུན་ལ་རྟག་ཏུ་ངན
82a7 སེམས་པ།། མི་སླུ་མཆོག་ཁྱོད་རྣམ་གྲོལ་ས་ལ་བཞུགས།། ཐུགས་དམ་བརྟན་བཅས་བསྐུལ་བ་རྣམས་ལ་ཡང་།། དཔལ་གྱིས་དགོངས་ཤིག་དོན་ཀུན་ཉེ་བར་སྐོངས།། འདི་ལྟར་འཇིག་རྟེན་དག་ན་སྣང་བ་ཀུན།།




iiif viewer powered by OpenSeadragon

81b - 82b

Texts on this page

Ty072-008 - dpal lha mo sgra dbyangs la bstod pa