| | e-texts navigator
|
96b1 གཅིག་ཙམ་ཐོས་ནའང་ཚེ་འདི་ཉིད་ལ་ཤེས་རབ་ཆེན་པོར་འགྱུར་རོ།། གང་གིས་ཟླ་བ་དྲུག་གི་བར་དུ་ཉིན་རེ་ཞིང་རྩ་བས་ཁྱོར་གང་ལ་རིག་པ་འདི་ལན་བདུན་བཏབ་སྟེ། ཉི་མ་ཤར་བའི་ཚེ་འཐུངས་ན་ཚིགས་སུ་བཅད་པ
96b2 གོང་འཛིན་པར་འགྱུར་རོ།། ལན་ཅིག་འབྲངས་ན་ལྔ་བརྒྱ་འཛིན་ཏེ། ཉིན་གཅིག་པཞིན་དུ་ཤེས་རབ་འཕེལ་བར་འགྱུར་རོ།། ཉིན་དེ་བཞིན་དུ་བརྗོད་པ་ཙམ་གྱིས་དྲན་པ་དང་ཡིད་གཟུངས་པར་འགྱུར་རོ།། ཤེས
96b3 རབ་སྐྱེད་པའི་གཟུངས་རྫོགས་སོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་གང་དག་པར་རྫོགས་པའི
96b4 སངས་རྒྱས་ཐུབ་པ་ལ་ཕྱག་འཚས་ལོ།། ཏདྱ་ཐཱ། མ་ཏི་བཏུ་ཀྱེ། ཏཐཱག་ཏཱ་ཛཱ། དར་ཤེ་ན་པྲཛྙཱ་པཏ། དྷཱི། བོ་དྷི་མ་རྦཱ་ས་རི་ཎི། ཨ་དྷིཿཏདོ་དྷ། རིབ་དྷ་མཱརྠ།
96b5 ཛྭ་ལ་ཛྭ་ལ། པྲཛྙཱ་དཱི་པ~ཾ། མེ་དྷ་པ་དིན་སརྦ་ཨ་དྷཱིཥྚྲཱིཿསུ་རུ་སུ་རུ་དྷུ་རུ་དྷི་དྲེ། མེ་དྷ་ཨཱ་ན་ཡ་སྭཻཿ། ཆོ་ག་ནི་ནུང་རེ་ཞིང་བཟླས་བརྗོད་བྱས་ན་ལོབས་སྦྱིན་པར་འགྱུར་རོ།། སྨན་བྲམ་གྱི
96b6 སྦོམ་པར་བཅུག་སྟེ་དུང་པ་བྱུང་གི་བར་དུ་བཟླས་པ་བྱས་ཏེ་བོས་ན་ཐོས་པ་འཛིན་པར་འགྱུར་རོ།། ཐོས་པ་འཛིན་པའི་གཟུངས་རྫོགས་སོ།། ། སངས་རྒྱ
96b7 དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་བླ་མས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
iiif viewer powered by OpenSeadragon
96a - 97a