| | e-texts navigator
|
88b1 ཧཱུ~ཾ་མ་ཧཱ་བཱིར་སྭཱ་ཧཱ། སྙིང་པོ་འདིས་ནི་དབུས་ཀྱི་བཅོམ་ལྡན་འདས་མཛད་དོ།། ཨི་པྲི་ཧཱུ~ཾ་པདྨ་པྲི་ཡ་སྭཱཿ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའོ།། ཨོཾ་མེ་ཧཱར་ཎཱ་སྭཱ་བྱམས
88b2 པོའི་སྲིང་པོའོ།། ཨོཾ་ཨ་གརྦྷ་ཡ་སྭཱཧཱ། ནམ་མ་ཁའི་སྙིང་པོའི་སྙིང་པོའོ།། ཨོཾ་མ་མྲྀ་ཧི་རཱ་ཛ་ཡ་སྭཱ་ཧཱུ~ཾ། ཀུན་ཏུ་བཟང་བའི་སྙིང་པོའོ།། ཨོཾ་ནྡྲ་རུ་བིན་ར་བ་སྭཱཿ། ལག་ན་རྡོ་རྗེའི་སྙིང་པོའོ། ཨོཾ་ཤཱི
88b3 ཨཻ་རཾ་ག་སྭཱ་ཧཱ། འཇམ་དཔལ་གཞོན་ནུར་གྱུར་པའི་སྙིང་པོའོ།། ཨོཾ་ནི་སཱ་རཾ་བ་སཱུ་ཧཱ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྙིང་པོའོ།། ཨོཾ་ཀྵི་ཏྲི་ཧ་ར་ཛ་སྭཱཧཱ། སའི་སྙིང་པོའི་སྙིང་པོའོ།། བྱང་ཆུབ
88b4 སེམས་དཔའ་བརྒྱད་ཀྱི་སྙིང་པོའོ།། དེ་བཞིན་གཤེགས་པ་དང་ལྡན་པ་འདི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དཀྱིལ་འཁོར་གྱི་མདུན་དུ་ལནི་ཅིག་བརྗོད་ན། དེའི་དོན་ཐམས་ཅད་འགྲུབ་པར
88b5 འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས
88b6 དཔའ་ཆེན་པོ་དེ་དག་ས་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།
88b7 གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། @
iiif viewer powered by OpenSeadragon
88a - 89a