| | e-texts navigator
|
56b1 སྟོན་པ་ལ་ནི་འདི་གསོལ་ཏོ།། རྒྱུད་འདི་ཕྱུང་མ་ཐག་ཏུ་ནི།། གདུལ་དཀའ་བ་ནི་རབ་ཏུ་ནི།། ས་སྟེང་ས་ན་དང་གདོན་མུ་གེ། བར་ཆད་གནོད་པ་ཀུན་དང་བྲལ།། སླར་ཡང་བསྟན་པ་འཕེལ་བའི་ཕྱིར།
56b2 གནུ་བོར་བདག་གིས་གཟུང་བར་བགྱི།། དཔའ་བོ་མ་ཁའ་འགྲོ་དྲག་པོ་རྣམས། ཡིད་ཀྱིས་བརྟུལ་ཞུགས་ཕྱུང་ནས་ཀྱང་། རྒྱུད་འདི་འཛིན་པའི་རྗེས་སུ་འབྲང་། ལྷ་དང་འཇིག་རྟེན་པ་དང་ནྀ།
56b3 མ་མོ་སྲིན་མོ་མཁའ་འགྲོ་མ།། ཤ་ཟ་གནོད་སྦྱིན་སྲིན་པོ་རྣམས།། རྒྱུད་འདི་འཛིན་པ་སྐྱོང་བར་བྱེད། རྒྱུད་འཛིན་ལོངས་སྤྱོད་སྤེལ་བར་བྱེད།། སྟོན་པས་གསུང་བ་རྡོ་རྗེ་འཛིན། ལེགས་སོ་ཤིན་ཏུ་ཆེར
56b4 ལེགས་སོ།། རྒྱུད་འཛིན་རྣལ་འབྱོར་ཅན་ཆེན་དེ།། རྒྱུན་དུ་སྲུང་ཞིང་བློ་འཕེལ་མཛོད།། དེ་སྐད་ཀྱི་ནི་གསུང་ཐོས་ནས།། བྱང་ཆུབ་སེམས་དཔའ་ཉན་ཐོས་དང་།། མཁའ་འགྲོ་མ་མོ་འཇིག་རྟེན་སྐྱོང་།།
56b5 ལྷ་ཀླུ་གནོད་སྤྲིན་དྲི་ཟར་བཅའ།། ཐམས་ཅད་ལྡན་པའི་འཁོར་དེ་རྣམས།། དགྱེས་ཏེ་ཐལ་སྦྱར་མངོན་པར་དགའི།། མི་གཡོ་ཐུགས་རྗེའི་ལྕགས་ཀྱུ་བཟུང་བས་འཁོར་བའི་བཙོན་ར་ནས།། ལྷ་ཀླུ་འབུམ་ཕྲག
56b6 འཚེ་བྲལ་དཀར་པོ་དགེ་བའི་ཀུན་སློང་རྣམས།། སྐྱེས་ནས་བྱང་ཆུབ་རིན་ཆེན་ནོར་ཐོབ་མཛད་པས་རྨད་བྱུང་མཚར།། རྒྱས་པའི་ཚུལ་བསྡུས་བསྟན་པའི་ཆོས་འདི་དམན་ལ་ཤིན་ཏུ་གསང་།། འཕགས་པ་རྡོ་རྗེ་ཁྲོ་བོའི
56b7 རྒྱལ་པོའི་རྟོག་པ་བསྡུས་པ་ལས། མངོན་པར་དགའ་བའི་ལེའུ་སྟེ་བཅུ་པའོ།། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པ་རྫོགས་སོ།།
iiif viewer powered by OpenSeadragon
56a - 57a