e-texts navigator
Collection
Volume
Page
Wylie

307a1 སྨྲོས་ཤིག། དེ་ནུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། ཐགོས་ཕྲག་པ་གཅིག་ཏུ་གཔར་ནས་བཅོམ་ལྡན
307a2 འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྙིང་པོ་འདྲི་སྨྲས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱཾ་གཱ་རཱ་བི་རོ་ཙན་བྱཱ་ཧཱ་རཱ་ཛཱ་ཡཻ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་དྱ་ཀ་ས~ཾ་བུདྡྷཱ་ཡ་ན་མཿསརྦ་ཏ་ཐཱ་ག་ཏེཿ
307a3 ཨརྦ་ཏེ་བྷྱཿསམ?ཀ་སཾ་བུད་དྷེདྡྷོ། ན་མ་ཨཱརྱཱ་བ་ལེ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭེ་ཡ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ་ཨཱིང་ཏི།
307a4 བཱནྡྷེ། ཙ་ལེ་ཙ་ལི། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་བ་རེ། ཨི་ལི་མི་ལཻ། ཙི་ཏི་ཛྭ་ལ་མེ་བ་ནཱ་ཡ་སཱ་ཧཱ། འདིའི་ཆོ་ག་ནི་སྒྲུབ་མི་དགོས་པར་ལས་ཐམས་ཅད་བྱེད་དེ། རིམས་ཉིན་གཅིག་པ་དང་།
307a5 ཉིནི་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། འདྲེ་དང་། ལུས་སྲུལ་པོ་དང་། བརྗེད་བྱེད་དང་། ལྦ་བ་དང་། འབྲས་ཀྱི་འཕྲེང་བ
307a6 དང་བས་བལྗགས་ལ་སོགས་པ་དང་། དུག་དང་། ཕོལ་མིག་དང་། གཡན་པ་ལ་སོགས་པ་ལ་འཇིམ་པ་ལ་བསྔགས་ཏེ་བསྐུའོ།། ལན་བདུན་བཟླས་བརྗོད་བགྱིས་ན་ལས་ཀྱི་སྒྲིབ་པ་སྦྱོང་བར
307a7 བགྱིད་ངོ་།། བྱིས་པ་གདོར་གྱིས་ཟིན་པ་ལ་ནི་འབྲུ་མར་རོ།། རྣ་བབྲོ་འཚལ་བ་ལ་ནི་རུ་རྟ་དང་འབྲུ་མར་རོ།། སྔ་དྲོ་འཚལ་བ་ལ་ནི་གྲོ་བང་དྲ་ནེངས་ནི་བར་འགྱུར་རོ།། བྲོ་ནད་ཐམས་ཅད་ལའང་སྦྱར་བར་བགྱི་སྟེ




iiif viewer powered by OpenSeadragon

306b - 307b

Texts on this page

Ty069-057 - 'phags pa spyan ras gzigs dbang phyug zhal bcu gcig pa zhes bya ba'i gzungs