e-texts navigator
Collection
Volume
Page
Wylie

306a1 འགུམ་པའི་དུས་བྱེད་པར་མི་འགྱུར་བ་དང་། དུས་མ་ལགས་པར་འགུམ་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་ལགས་སོ།། གཞན་ཡང་ཡོན་ཏན་པནི་ཡོངས་སུ་འཛིན་པར་འགྱུར་ཏེ། འབུམ།
306a2 པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བ་དང་། ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། ཡང་བམ་སྤངས་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། འདི་ནས་ཤི་འཕོས་ནས་ཀྱང
306a3 འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་ལགས་སོ།། བཅོམ་ལྡན་འདས་བདག་གིས་དྲན་ལགས་ཏེ། འདི་ནས་བསྐལ་པ་ག་དྷཱའི་ཀླུང་བཅུའི་བྱེ་མ་སྙེད་དག་གི་སྔ་རོལ་གྱི་ཡང་ཆེས་སྔ་རོལ་དུ་དེ་བཞིན
306a4 གཤེགས་པ་མན་ད་ར་བའི་བསུང་ཞེས་བགྱི་བ་བྱུང་སྟེ། དེ་ནས་བདག་ཁྱིམ་པར་གྱུར་པས་འདི་བཟུང་ནས་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་ལགས་སོ།། བདག་གིས་སྙིང་པོ་འདི་བཏོན་པས་བྱང་ཆུབ་སེམས
306a5 དཔའི་རྣམ་པར་ཐར་པ་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེ་འཇུག་པ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བགྱི་བ་ཐོབ་ལགས་སོ།། གང་དག་བཅིང་བས་བཅིངས་པ་རྣམས་དང་། གང་དག་བཅིང་བ་ལ་ཐུག་པ་རྣམས་དང་། ཆེ་བ་དང
306a6 ཞུགས་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ཞེན་པའི་སེམས་ཅན་ཐམས་ཅད་ལ་བདག་གི་སྙིང་པོ་འདིས་གནས་པ་དང་། བསྐྱབ་པ་དང་། སྐྱབས་དང་། དཔུང་གཉེན་བགྱིའོ།། གནོད་སྦྱིན་དང་སྲིན་པོ་སྡང
306a7 བ་རྣམས་ཀྱང་སྙིང་པོ་འདིས་བཀུག་ལ་བྱམས་པའི་སེམས་དང་སྙིང་རྗེའི་སེམས་སུ་བགྱི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བགྱིའོ།། བཅོམ་ལྡན་འདས་བདག་གི་སྙིང་པོ་འདི




iiif viewer powered by OpenSeadragon

305b - 306b

Texts on this page

Ty069-057 - 'phags pa spyan ras gzigs dbang phyug zhal bcu gcig pa zhes bya ba'i gzungs