e-texts navigator
Collection
Volume
Page
Wylie

296a1 ཅད་ལ་ཕྱག་འཚལ་ལོ།། དེ་ནས་གསང་སྔགས་ལ་འཇིགས་པ་རྣམས་ཀྱིས་དགོས་པ་ཐམས་ཅད་སོ་སོར་སྒྲུབ་པར་འགྱུར་བ་ནི། ཨེ། ཞེས་བྱ་བ་དོན་ཡོད་ཞགས་པ་པདྨ་གཙུག་ཏོར
296a2 གྱི་དཀྱིལ་འཁོར་ཐམས་ཅད་གསོང་སྔགས་ཡི་གེ་གཅིག་ཏུ་འཇིག་རྟེན་མགོན་པོའི་སྤྱན་སྔར་འབུམ་དྲན་པར་བྱས་ནས་དང་པོ་ལ་གནས་པར་འགྱུར་རོ།། སྔོན་སྡིག་པ་བསགས་པའི་སེམས་ཅན་དམྱལ
296a3 བ་མི་བཟད་པ་གང་ཅིའང་རུང་བ་དེ་དག་ཐམས་ཅད་ཇི་ལྟར་རླུང་གིས་ཕྱག་དར་གཏོར་བ་བཞིན་འཇིག་པར་འགྱུར་རོ།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། དོན་ཐམས་ཅད་རྗེས་སུ་འཇུག་པར།
296a4 འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་དང་། གང་དཀྱིལ་འཁོར་གྱི་ལྷ་གཞན་ཡང་དགྱེས་པར་འགྱུར་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་མཆོག་སྦྱིན་པར་མཛད་དོ།།
296a5 གསང་སྔགས་ཨོཾ་ཞེས་བྱ་བ་དྲན་ནས་ཚེ་འཕོས་པ་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ།། གསང་སྔག་སོ་ཡི་གེ་གཅིག་པུའོ།། ཨོཾ་བྷྱཿཡི་གེ་གཉིས་པ་འབུམ་བཟླས་བརྗོད་བྱས།
296a6 ནས་གཉིས་པའི་ཡོན་ཏན་ཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་སྤྱན་སྔ་ན་འདུག་པར་འགྱུར་ཞིང་། མཆོག་ཐམས་ཅད་རྗེས་སུ་སྦྱིན་པར་མཛད་དོ།། སྡིག་པ་ཐམས
296a7 ཅད་ཀྱང་རྣམ་པར་དག་པར་མཛད་དོ།། སྔོན་གྱི་ལས་ངན་གྱི་ནདང་ཀྱང་སོས་པར་འགྱུར། ནོར་གྱི་དབང་ཕྱུག་ནོར་བུ་བཟང་པོའི་བུ་དབང་དུ་འགྱུར་ཤིང་གེ་བར་གནས་པར་འགྱུ་།། མི་གང་གིས་ཀྱང་ཕྱི་ཞིང་བར་ཆད།




iiif viewer powered by OpenSeadragon

295b - 296b

Texts on this page

Ty069-055 - sa bcu pa'i gzungs