e-texts navigator
Collection
Volume
Page
Wylie

203b1 སེམས་ཅན་རྣམས་ནི་ཚེ་ཐུང་བ་ཚེ་ལོ་བརྒྱ་བ་ཤ་སྟག་སྟེ། དེ་དག་ལས་ཀྱང་ཕལ་ཆེར་ནི་དུས་མ་ཡིན་པར་འཆི་བར་བསྟན་ཏེ། འཇམ་དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག།
203b2 ཏུ་མེད་པ་དེའི་ཡོན་ཏན་དང་བསྔགས་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་གས། མིང་ཙམ་ཡང་ཉན་ཏམ། ཀློག་པ་ནས། གླེགས་པམ་ལ་བྲིས
203b3 ཏེ་ཁྱིམ་ན་འཆང་གི་བར་དུ་བྱེད་དམ། མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། ཕྱེ་མ་རྣམས་ཀྱིས་མཆོད་པར་གྱུར་པ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ།། འཇམ་དཔལ་སེམས
203b4 ཅན་གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་རྒྱལ་པོའི་མཚན་བརྒྱ་རྩ་བརྒྱད་ཐོས་པ་དེ་དག་ཚེའང་རྣམ་པར་འཕེལ་བར་འགྱུར་རོ།། སེམས་ཅན་གང་དག་ཚེ་ཡོངས་སུ་ཟད
203b5 ཀར་མཚན་འཆང་བར་གྱུར་པ་དེ་དག་གི་ཚེ་འདྲ་རྣམ་པར་འཕེལ་བར་འགྱུར་རོ།། འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཚེ་རིང་པོར་འདོད་པ་དག། དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ
203b6 མེད་པ་དེའི་མཚན་བརྒྱ་རྩ་བརྒྱད་ཉན་ཏམ། ཡི་གེར་འདྲིའམ། ཡི་གེར་འདྲིར་འཇུག་ན།། དེ་དག་གི་ཡོན་ཏན་དང་ལེགས་པར་གྱུར་པ་ནི་འདི་དག་གོ། ཨོཾ་ནཱ་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཎ་ཏེ
203b7 ཛེ་རཱ་ཛཱ་ཡ། ཏ་ཐཱ་ག་དཱ་ཡ་ཨན་ཏེ་ས་མྱཀ་ས~ཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་གནས་མུ་དག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འཇམ་དཔལ་དེ་བཞིན་གཤེགས་པའི་མཚན་བརྒྱ




iiif viewer powered by OpenSeadragon

203a - 204a

Texts on this page

Ty069-047 - 'phags pa tshe dang ye shes dpag tu med pa zhes bya ba theg pa chen po'i mdo