e-texts navigator
Collection
Volume
Page
Wylie

197a1 ཏན་དཔག་ཏུ་མེད་པ་ལ་སོགས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས
197a2 པའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཚེ་འཛིན་ཅིང་ཚེ་མཐར་ཕྱིན་པར་བཞེས་ཏེ། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ།། འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག། འཛམ་བུའི་གླིང་འདིའི་མི
197a3 རྣམས་ནི་ཚེ་ཐུང་བ་ལས་ཚེ་ལོ་བརྒྱ་ཐུབ་པ་ཤ་སྟག་སྟེ། དེ་དག་ལས་ཀྱང་ཕལ་ཆེར་དུས་མ་ཡིན་པར་འཆི་བར་བསྟན་ཏོ།། འཇམ་དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དེའི་ཡོན།
197a4 ཏན་དང་བསྔགས་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་གམ། མིང་ཙམ་ཡང་ཉན་ཏམ། ཀློག་པ་ནས་གླེགས་བམ་ལ་བྲིས་ཏེ་ཁྱིམ་ན་འཆང་བར་བྱེད་དམ།
197a5 མེ་ཏོག་དང་། བདུག་པ་དང་། སྤོས་དང་། འཕྲེང་བ་རྣམས་ཀྱིས་མཆོད་པར་འགྱུར་བ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ།། འཇམ་དཔལ་སེམས་ཅན་གང་དག་ཚེ་དང་ཡེ་ཤེས་དཔག་ཏུ།
197a6 མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོའི་མཚན་བརྒྱ་རྩ་བརྒྱད་ཐོས་པར་གྱུར་པ་དེ་དག་གི་ཚེའང་འཕེལ་བར་འགྱུར་རོ།། སེམས་ཅན་གང་དག་ཚེ་ཟད་ཀར་མཚན་འཆང་བར་འགྱུར་བ་དེ་དག་གི་ཚེའང
197a7 རྣམ་པར་འཕེལ་བར་འགྱུར་རོ།། འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མེ་ཚེ་རིང་བར་འདོད་པ་དེ་དག། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དེའི་མཚན་བརྒྱ་རྩ་བརྒྱད་ཉན་ཏམ། ཡི་གེར་འདྲི་འམ




iiif viewer powered by OpenSeadragon

196b - 197b

Texts on this page

Ty069-046 - 'phags pa tshe dang ye shes dpag tu med pa zhes bya ba theg pa chen po'i mdo