| | e-texts navigator
|
195b1 ནི་བནི་པོར་ཡང་།། དོན་མེད་ན་ནི་མི་སྐྱེ་སྟེ།། འདུ་ཤེས་མེད་པར་རྣམས་ཀྱང་མིན།། འཕགས་པ་བཞུགས་པའི་གནས་རྣམས་སུ།། ཁམས་གསུས་ཚུལ་གྱི་བདག་དོན་སྤྱོད།། རྟག་ཏུ་ཡུལ་ལ
195b2 རྒྱགས་མི་འགྱུར།། སེམས་འཛིན་པར་མི་བྱེད་དོ།། ཉོན་མོངས་རྩ་བ་དྲུག་པ་དང་།། དེ་བཞིན་ཅེ་བཎྜི་ཤུ་དང་།། མཚམས་མེད་ལྔ་ཡང་བྱང་བར་འགྱུར།། བསྐལ་པ་གྲངས་མོད་མང་པོར་ཡང་།། མི
195b3 ཁོམ་བརྒྱད་དུ་སྤྱི་མི་འགྱུར།། མུ་སྟེགས་རྩོད་པ་བཟློག་པ་དང་།། མཐུ་སྟོབས་ཕུན་སུམ་ཚོགས་ལྡན་ཞིང་།། ཚེ་རིང་ནད་མེད་དཔལ་དང་ལྡན།། སྡུག་བསྔལ་བསྐལ་པ་མང་པོར་ཡང་།། ནམས་ཀྱང་འཁོར་བར
195b4 མི་ལྟུང་ཞིང་།། མྱ་ངན་འདས་པ་ཐང་བྱའི་ཕྱིར།། ཉན་ཐོས་ས་རྣམས་ནོན་པ་དང་།། རྟེན་འབྲེལ་བཅུ་གཉིས་ཤེས་པར་བྱ།། བྱང་ཆུབ་སེམས་དཔའི་ས་རྣམས་ནི།། རབ་དགའ་དྲི་མེད་འོད་བྱེད་འཕྲོ།། སྡང་དཀའ
195b5 མངོན་འགྱུར་རིང་དུ་སོང་།། མི་གཡོ་ལིགས་པ་ཆོས་ཀྱི་སྤྲིན།། སངས་རྒྱས་ས་ཆེན་བླ་ན་མེད།། བཅུ་གཉིས་པོ་ཡང་འཐོབ་འགྱུར་ཏེ།། ཀུན་ཏུ་འོད་དང་བདུད་རྩིའི་འོད།། ནམ་མཁའི་འོད་དང་རྡོ་རྗེའི་འོད།། རིན
195b6 ཆེན་འོད་དང་པདྨའི་འོད་།། ལས་ཀྱི་འོད་དང་དཔེ་མེད་ས།། དཔལ་ལྡན་ས་དང་ཤེས་རབ་འོད།། ཐམས་ཅད་མཁྱེན་དང་རང་རིག་སྟེ།། བཅུ་གཉིས་སངས་རྒྱས་ས་རྣམས་ཀྱང་།། འདི་ཚེ་བྱུང་ན་མྱུར་དུ་ཐོབ།།
195b7 ས་རྣམས་མཐོབ་བེར་དུ་ཡང་།། འགྲོ་བ་རྣམས་ལ་ཕན་པ་དང་།། ཤེས་རབ་སྙིང་རྗེ་ལྡན་གྱུར་ཅིང་། ཆོས་ལ་དགའ་བ་རྣམས་ཀྱིས་སྲུང་།། དངོས་གྲུབ་ཐོབ་སྟེ་དེ་བཞིན་གཤེགས།། རིན་ཆེན་ལས་བྱུང་ཐོབ་པར
iiif viewer powered by OpenSeadragon
195a - 196a