e-texts navigator
Collection
Volume
Page
Wylie

191b1 བའི་རྟགས།། རྣོ་གདུག་མཆེ་བཟུར་གསུམ་གཙིགས་པ་ནི།། བསྒྲལ་བའི་ཞིང་བཅུ་ས་ལ་སྒྲོལ་བའི་རྟགས།། སྐུ་ལ་ཞིང་ལྤགས་གཡང་གཞི་གསོལ་བ་ནི།། ཡང་དག་ཆོས་དང་དོན་དམ་ལྡན་པའི་རྟགས།
191b2 གླང་ཆེན་ཀོ་རློན་སྣམས་ཕྱེད་དཀྲིས་པ་ནི།། ཐེག་པ་མཆོག་གི་དོན་དང་ལྡན་པའི་རྟགས།། རེ་ལྡེ་ནག་པོས་སྣམས་ཕྱེད་དཀྲིས་པ་ནི།། འཇིག་རྟེན་འདི་ན་ཆེ་བཙན་ལྡན་པའི་རྟགས།། ལྟེ་བའི་ཁུང་ནས་ཉི་མ
191b3 འཆར་བ་ནི།། སྡུག་བསྔལ་རྒྱ་མཚོ་གཏིང་ནས་སྐེམས་པའི་རྟགས།། སྤྱི་བོའི་གཙུག་ནས་ཟླ་བ་འཆར་བ་ནི།། དུག་གསུམ་མ་རིག་མུན་པ་སེལ་བའི་རྟགས།། ཞབས་ལ་དབང་གི་ལྕགས་སྒྲོག་འཁྲིལ་བ་ནི།
191b4 ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས།། ཕྱག་གཡས་ཤང་ལང་ནག་པོ་བསྣམས་པ་ནི།། སྡུག་བསྔལ་སྐྱེ་ཤི་རྩེད་ནས་གཅོད་པའི་རྟགས།། ཕྱག་གཡོན་ཐོང་རློན་དམར་ཆེན་འཐུང་བ་ནི།། འཁོར་བའི་སྡུག
191b5 བསྔལ་ཁྲག་ལྔར་འཐུང་བའི་རྟགས།། བོང་བུ་གྲུ་བ་ཕྱིན་ཕྱོགས་ཞོན་པ་ནི།། ལོག་པར་ལྟ་བའི་སེམས་ཅན་སྒྲོལ་བའི་རྟགས།། སྲིན་པོའི་ཨོ་ག་མས་སྔ་རུ་བྱས་པ་ནི།། སྲིན་ཡུལ་ལང་ཀ་པུ་རངས་འདུལ་བའི་རྟགས།། སྦྲུལ་ནག
191b6 ཆུན་པོས་གོང་རྨེད་བས་པ་ནི།། ཞེ་སྡང་དབང་གིས་དགྲ་བགེགས་འཇོམས་པའི་རྟགས།། རུས་སྦལ་ནག་པོའི་ཕོབ་བུ་བཏང་བ་ནི།། ཀླུ་བདུད་ནག་པོ་དམ་ལ་བཏགས་པའི་རྟགས།། སྔ་ཤ་གཡས་པ་བདུད་ཀྱི་ཁྲམ་བབ་ནི།
191b7 དམ་ཚིག་ཉམས་པ་ཁྲམ་ལ་འདེབས་པའི་རྟགས།། ཕྱི་ཤར་ནད་ཀྱི་རྐྱལ་བ་བཏགས་པ་ནི།། བསྟན་པ་འདི་ལ་གནོད་པའི་དགྲ་བོ་ལ།། ནད་ཀ་འབེབས་ཤིང་དལ་ཁ་བསྒྱུར་བའི་རྟགས།། དོན་དམ་བཅུད་ཀྱི




iiif viewer powered by OpenSeadragon

191a - 192a

Texts on this page

Ty069-041 - dpal lha mo nag mo'i bstod pa rgyal po'i rgyud