e-texts navigator
Collection
Volume
Page
Wylie

191a1 བཏབ་ནས།། དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ཏེ།། ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ།། དེ་ནས་དཔལ་ལྡན་ལྷ་མོ་ནག་མོ་ལ།། ནམ་མཁའི་ལྷ་བྲན
191a2 རྣམས་ཀྱིས་བསྟོད་པ། བསྐལ་པ་མེ་ལྟར་འབར་བའི་གྲོང་དཀྱིལ་ན།། རླུང་ནག་དགུ་པའི་གྲོང་འཁྱིལ་ཕོ་བྲང་ནས།། མ་ཅིག་འདོད་པའི་ཁམས་ཀྱི་དབང་ཕྱུག་མ།། བདུད་ཀྱི་ཡུམ་ལགཤིན་རྗེའི་ལྷམ་གཅིག་མ།
191a3 དཔལ་ལྡན་ལྷ་མོ་རེམ་ཏི།། ནག་མོ་ཟ་བྱེད་རྔམ་པའི་མཆེ་བ་ཅན།། མཐིང་ནག་གཅེར་བུ་ཁྲག་གི་རལ་པ་ཅན།། ཁྱོད་ཀྱི་སྐུ་མདོག་ནག་མོར་བཞུགས་པ་ནི།། དོན་དམ་དབྱིངས་ཀྱི་སྤྱོད་པ་མེད་པའི་རྟགས།། དབུ་སཱ་གཡས
191a4 ནས་གཡོན་དུ་འཁྱིལ་བ་ནི།། ཡུལ་གྱི་མཁའ་ལ་སྤྲུལ་པ་འགྱེད་པའི་རྟགས།། དབུ་གཙུག་རལ་པ་གཅིག་ཏུ་འཁྱིལ་བ་ནི།། དོན་དམ་དགོངས་སྤྱོད་གཅིག་ཏུ་མཛད་པའི་རྟོགས། རལ་པའི་གསེབ་ནས་མེ་སྟག
191a5 འཕྲོ་བ་ནི།། ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས།། དབུལ་ཐོང་རྔོན་འཕྲེང་བ་བཅིངས་པ་ནི།། ཐུགས་རྗེའི་སྤྲུལ་སྐས་འགྲོ་དོན་མཛད་པའི་རྟགས།། གཡས་ན་སེང་གེ་འགྱིང་ཞིང་མཆོད་པ་ནི།།
191a6 སྨན་མོ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས།། གཡོན་ན་སྦྲུལ་མགོའི་གདེངས་ཀ་འཕྱར་བ་ནི།། ཞེ་སྡང་བ་སྤངས་དབྱིངས་སུ་དགེ་བའི་རྟགས།། སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི། སངས་རྒྱས་ཀུན་ལ
191a7 བསྙེན་སྒྲུབ་བྱེད་པའི་རྟགས། སྤྱན་རྩ་དམར་ལ་སྡང་མིག་བགྲད་པ་ནི།། སྲིད་གསུམ་རྣལ་འབྱོར་དམ་ཚིག་གཟིགས་པའི་རྟགས།། ཞལ་གྱི་དྲག་པོ་ཧོམ་ཁུང་གདེངས་པ་ནི། བསྟེན་པ་འཇིག་པའི་རུ་ཏྲ་སྒྲོལ




iiif viewer powered by OpenSeadragon

190b - 191b

Texts on this page

Ty069-041 - dpal lha mo nag mo'i bstod pa rgyal po'i rgyud