e-texts navigator
Collection
Volume
Page
Wylie

170b1 རི་དྷ་ན་ཀ་རི་སྭཱ་དྲུ། བསྒྲུབ་པར་བྱ་བའི་སྔགས་སོ།། རིགས་པ་འདིའི་དང་པོ་དེའི་གདམ་ཚིག་གི་ཕྱག་ན་ནི་སོར་མོ་རྣམས་བྲལ་མོ་སྦྱ་ར་ལ་མཐེབ་ཆེན་དབུས་སུ་གཅིག་པ་ནི་བཅོམ་ལྡན་འདས་སུའི་དམ་ཚིག་གི
170b2 ཕྱག་རྒྱའོ།། ཨོཾ་ས་མ་ཡཻ། སེམ་ས་མ་ཡ་ཀཱ་རི། མ་ཧཱ་ས་མ་ཡེ་སྭཱཧཱ། དམ་ཚིག་གི་ཕྱག་རྒྱ་དང་སྔགས་སོ།། ཕྱག་རྒྱ་དེ་ཉིད་ལ་གུང་མོ་དང་སྡིགས་མཛུབ་ཀྱི་ཚོགས་གསུམ་པ་བསྐུལ་ཞིང་མཐེའུ་ཆུང་གཉིས
170b3 ཅུང་ཟད་ཕྱིར་ཕྱུང་བ་ནི་བཅོམ་ལྡན་འདས་མའི་ཕྱག་རྒྱའོ།། འདི་ནི་དབབ་པ་དང་། བསྡུ་བ་དང་། བསྒྲུབ་བྱའི་སྔགས་ཀྱིས་བྱའོ།། ཕྱག་རྒྱ་དེ་ཉིད་ལ་སྡིགས་མཛུབ་གཉིས་བརྐྱང་བ་ནི་མེ་ཏོག་གི་ཕྱག་རྒྱ་ཡིན་ཏེ།
170b4 ཨོཾ་དྲཱ་སུདྡྷེ་སྭཱཿ། མེ་ཏོག་གི་ཕྱག་རྒྱ་དེ་ཉིད་ལས་གུང་མོ་བཏུང་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱ་ཡིན་ཏེ། སྔགས་ནི།། ཨོཾ་བཱ་སུ་དྷ་རེ་སྭཱཧཱ། ཕྱག་རྒྱ་འདི་ཉིད་ལ་མིང་མེད་བརྐྱང་བའི་ཕྱག་རྒྱ་ཡིན་ཏེ།
170b5 སྔགས་ན། ཨོཾ་དཱ་སུ་དྷ་མེ་ཏི་ཤྲཱི་ཡེ་སྭཱཧཱ། ཕྱག་རྒྱ་འདི་ཉིད་ལ་མཐེའུ་ཆུང་གི་སེན་མོ་མཐེབ་ཆེན་གྱིས་བཀབ་དེ། སོར་མོ་གཞན་རྣམས་ནི་རྡོ་རྗེའི་མཚན་ཉིད་དུ་བྱས་པ་ནི་མར་མེའི
170b6 ཕྱག་རྒྱ་སྟེ། སྔགས་ནི་ཨོཾ་བ་སུ་དྷ་རི་ཎི་སྭཧཱ། སེན་མོ་གན་ཀྱལ་དུ་བྱས་ལ་མཐེབ་བོང་གཉིས་ལོགས་སུ་སྦྱར་བ་ནི་གཏོར་མའི་ཕྱག་རྒྱ་སྟེ། སྔགས་ནི་ཨོཾ་དྲཱ་སུ་དྷ་རེ་ཎི་སྭ
170b7 ལྐོག་མ་ཉེ་བར་སྤྱོད་པ་ཉི་ཤུ་རྩ་བའི་སྔགས་ཀྱིས་ཐུན་མོང་གི་ཕྱག་རྒྱའམ། སྔགས་ཀྱིས་བསྒྲུབ་པར་བྱའོ།། བཅོམ་ལྡན་འདས་མའི་ཐང་ཀའི་ཆོ་ག་ནི་ཉམས་པ་མེད་ཅིང་། སྒྲའི་ཉམས་པ་མེད་པ་སྲུར




iiif viewer powered by OpenSeadragon

170a - 171a

Texts on this page

Ty069-034 - bcom ldan 'das ma nor rgyun ma'i rtog pa