| | e-texts navigator
|
169a1 འདས་མ་ནོར་རྒྱུད་མའི་རྟོག་པ་བཤད་པར་བྱ་སྟེ། དང་པོ་རེ་ཞིག་དཔྱིད་ཟླ་ཐ་ཆུང་གི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་རྒྱ་མཚོར་འབབ་པའི་ཆུ་བོ་སོང་སྟེ། དེ་ནས་ནུ་མའི་བར་དུ་ཆུའི་ནང་དུ
169a2 ནུབ་པར་བྱས་ཏེ་འདུག་ལ། ཉི་མ་ལ་སྔོན་དུ་ཕྱོགས་པར་ཡོངས་སུ་བརྟགས་ལ་ཇི་སྙེད་གནས་ཀྱི་བར་དུ་བཟླས་པ་བྱའོ།། བཟའ་བ་ཐམས་ཅད་སྤངས་ཏེ་ཉོན་མོངས་ཤིང་སྨྲ་བཅད་བྱས་ཏེ། ནུབ་བདུན་དུ་བཟླས
169a3 པར་བྱའོ།། དེ་ནས་བཅོམ་ལྡན་འདས་མའི་ཐང་སྐུའང་དབུ་སྐྲ་མ་གཏོགས་པར་གུར་ཀུམ་དང་ཙན་དན་གྱིས་བྱུག་པར་བྱ་བ་ནི་ནུབ་མོ་སྔ་བར་ལངས་ཏེ། ཆུར་ཁྲུ་བདུན། ཞེང་དུ་ཁྲུ་གསུམ་སྟེ། ཁྲུ་བཅུ་དང་བཅས
169a4 པ་ལ་ཚོན་སྣ་མ་ལུས་པ་གསོང་སྦྱོང་དང་ལྡན་པའི་ལྷ་བཟོས་བཅོམ་ལྡན་འདས་མ་མདོག་ལྗང་སེར་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་ཕྱག་གཡས་པ་ན་འབྲས་བུ་ཆེན་པོ་བསྣམས་པ་ཕྱག་གཡོན་པ་ན་སྒྲུབ
169a5 པ་པོ་རྣམས་ལ་སྟེར་བའི་རིན་པོ་ཆེའི་ཟ་མ་ཏོག་མུ་ཏིག་དང་། རྡོ་རྗེ་ཕ་ལམ་དང་། བཻ་ཌཱུཪྻའི་འབྲས་བུ་ཅན་བསྣམས་པའི་ཕྱག་དང་ལྡན་པ་བྱའོ།། སྟེང་དུ་ལྷའི་བུ་རིན་པོ་ཆེའི་ཆར་མངོན་དུ་འབེབས་བཞིན་པ་བྱའོ།།
169a6 གཡས་ལོགས་སུ་དཔལ་ཆེན་མོ་པདྨའི་ཕྱག་ཅན་སྒྲུབ་པ་པོ་ལ་ཉེ་བར་དགོས་པ་ལ་གནས་པ་བཞིན་པ་བྱའོ།། གཡོན་ལོགས་སུ་པདྨའི་དཔལ་རིན་པོ་ཆེའི་སྙིམ་པ་གང་བ་བྱའོ།། འོག་ཏུ་སྒྲུབ་པ་པོ་པདྨའི་ལག
169a7 ཅན་པའོ།། དེ་ནས་ཐང་སྐུ་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ནུབ་ཕྱོགས་སུ་ཁ་བསྟན་ལ་བཀྲམ་སྟེ། དེ་ནས་ཉེ་བར་སྤྱོད་པའི་གཏོར་མ་མ་གཏོགས་པ་མཛོད་ཀྱི་བཞེས་པའང་དབུལ་ཞིང་དྲི་ཞིམ་པོ་མེ་ཏོག
iiif viewer powered by OpenSeadragon
168b - 169b