e-texts navigator
Collection
Volume
Page
Wylie

167b1 ཕུན་སུམ་ཚོགས་པ་དང་རིན་པོ་ཆེ་ཕུན་སུམ་ཚོགས་པ་དང་། ཡོ་བྱད་ཐམས་ཅད་ཀྱི་མཆོད་པ་ཆེན་པོ་དང་བང་མཛོད་རྣམས་ཀྱང་ཡོངས་སུ་གང་བར་མཐོང་ངོ་།། མཐོང་ནས་ཀྱང་།
167b2 ཚིམ་ཞིང་དགའ་ལ་མགུ་མི་རངས་ཏེ། རབ་ཏུ་དགའ་ནས་དགྲའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཀུན་དྲགའ་བོ་ཡ་མཚན་དུ་འཛིན་ཅིང
167b3 དགའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གིས་ཁྱིམ་བདག་ཟླ་བ་བཟང་པོ་ནོར་མང་ཞིང་མཛོད་ཆེན་པོ་དང་བྱང་མཛོད་རྣམས་ཀྱང
167b4 ནོར་དང་འབྲུ་ཕུན་སུམ་ཚོགས་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་ཁྱིམ་བདག་ཟླ་བ་བཟང་པོ་དད་ཅིང་མཆོག་ཏུ་དད་ལ
167b5 དགེ་པའི་བསམ་པ་ཅན་དེས། ནོར་གྱི་རྒྱུན་གྱི་གཟུངས་འདི་བཟུང་ཞིང་རབ་ཏུ་བཏོན་ཏེ། བླངས་ཤིང་བཀླགས། ཀུན་ཆུབ་པར་བྱས། རྗེས་སུ་ཡི་རངས་པར་བྱས་ཤིང་། གཞན་དག་ལའང་རྒྱ་ཆེར་ཡང
167b6 དག་པར་རབ་ཏུ་སྟོན་པའི་ཕྱིར་རོ།། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཀྱང་ནོར་གྱི་རྒྱུན་གྱི་གཟུངས་འདི་ལོང་ཞིག། ཆོངས་ཤིག། ལྷོག་ཤིག། སྟོན་ཅིག། ཟུང་ཞིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལ་རང
167b7 རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག་དང་། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང




iiif viewer powered by OpenSeadragon

167a - 168a

Texts on this page

Ty069-033 - 'phags pa nor gyi rgyun zhes bya ba'i gzungs