| | e-texts navigator
|
417b1 བཀླགས་པས་འགྲུབ་པ་འདི་སྲད་བུ་དམར་པོ་ལ་ལན་བདུན་བཟླས་པ་བྱས་ལ། མདུད་པ་འདུན་བོར་ཏེ་མགུལ་དུ་གདགས་སོ།། འཕགས་པ་གཞང་འབྲུམ་རབ་ཏུཞི་བར་བྱེད་པའི་མདོ་རྫོགས་སོ།།
417b2 རྒྱག་ཀྱིམ་ལན་པོ་ཛིན་མ་ཛ་དེ། དྲན་ཌཱི་སྭཱ་ང་། མ་གྱི་ལལལ་བ་ཀྱི་ལ་ཤེས་རྒྱུ་གྲུས་ཏེ་གཏན་ལ་།
417b3 རྒྱ་གར་སྐད་དུ། ཨཱརྱ་སརྦ་རོག་པྲ་ཤ་མ་ནི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ
417b4 སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉམ་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དཀའ་བ་ན་བཞུགས
417b5 ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཞིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལ
417b6 རྒྱ་ཆེར་ཡང་དག་པར་སྟོན་ཅིག། ཏདྱ་ཐཱ། ཙི་ལེ་མཱ། ཙི་ལེ་ལེ། པཾ་ན་ཀོ་ཀི་ལི། ཤྲི་མ་ཏི། ཀུནྣ་ལེ། དུནྣ་ལེ། ཨིནྡྲ་ལེ། མུ་ཁེ་སྭཱ་ཧཱ། འདི་དག་ནི་ཟས་མཞུ་བ་དང་། སྤོས་པ་དང
417b7 ཝག་དང་མཁྲིས་པ་འདྲེས་པ་དང་། གཞང་འབྲུམ་གྱིས་བཏབ་པ་དང་། གཞང་ནང་ཅན་དང་། ཟ་གུ་དང་། ལུས་པ་ཅན་དང་། རིམས་ཅན་དང་། ཀླད་པན་པ་དང་། གཏོགས་བྱེད་ན་པ་དང་།
iiif viewer powered by OpenSeadragon
417a - 418a