e-texts navigator
Collection
Volume
Page
Wylie

417a1 ཞེས་བྱ། གསུམ་པ་ནི་སྐམ་པོ་ཞེས་བྱ་སྟེ། ཇི་ལྟར་དེ་བསྐམས་པ་དེ་བཞིན་དུ། སེམས་ཅན་རྣམས་ཀྱི་རླུང་གི་འབྲུམ་བུ་འསྐམས་པར་གྱུར་ཅིག། མཁྲིས་པའི་འབྲུམ་དུ
417a2 བསྐམས་པར་གྱུར་ཅིག། བད་ཀན་གྱི་འབྲུམ་བུ་བསྐམས་པར་གྱུར་ཅིག། མི་གཙང་བའི་འབུམ་བུ་བསྒོམས་པར་གྱུར་ཅིག། ཁྲག་གི་འབྲུམ་བུ་བསྐམས་པར་གྱུར་ཅིག། འདུས་པའི་འབྲུམ་བུ་བསྐམ
417a3 པར་གྱུར་ཅིག། དེ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་དད་ཀན་གྱི་འབྲུམ་བུ་བསྐམས་པར་གྱུར་ཅིག། མི་གཙང་བའི་འབྲུམ་བུ་བསྐམས་པར་གྱུར་ཅིག། ཁྲག་གི་འབྲུམ་བུ་བསྐམས་པར
417a4 གྱུར་ཅིག། འདུས་པའི་འབྲུམ་བུ་བསྐམས་པར་གྱུར་ཅིག། སྣའི་འབྲུམ་བུ་བསྐམས་པར་གྱུར་ཅིག། འཕྱང་བའི་འབྲུམ་བུ་བསྐམས་པར་གྱུར་ཅིག། ཏདྱ་ཐཱ། ཤ་མ་ཤ་མཱ་ནེ་སྭཱ་ཧཱ། ཤ་མ་ཤ་མཱ་ནེ།
417a5 སྭཱ་ཧཱ། ན་བར་མ་གྱུར་ཅིག། རེངས་པར་མ་གྱུར་ཅིག། སྒྲ་འབྱུང་བར་མ་གྱུར་ཅིག། འཛག་པར་མ་གྱུར་ཅིག། སྡུག་བསྔལ་བར་མ་སྨྱིག། རབ་ཏུ་སྡུག་བསྔལ་བར་མ་གྱུར་ཅིག། ཟག་པར་མ་གྱུར་ཅིག། རབ
417a6 ཏུ་ཟག་པར་མ་གྱུར་ཅིག། འདི་ཉིད་དུ་ཟད་པ་དང་། ཡོངས་སུ་ཟད་པ་དང་། ནད་མེད་པར་གྱུར་ཅིག། འོག་ཏུ་སོང་ཞིག། ན་མོ་བྷ་ག~ཾ་བ་ཏེ། བུདྡྷ་ཡ། ས་ཏྱ། བཱ་དཱ་ནཱ། སིད་དྷྱནྟུ། མནྠ། པ་དཱ་ནི
417a7 སྭཱཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དེ་ལ་ཆོ་ག་ནི་འདི་ཡིན་ཏེ།




iiif viewer powered by OpenSeadragon

416b - 417b

Texts on this page

Ty068-058 - 'phags pa gzhang 'brum rab tu zhi bar byed pa'i mdo