e-texts navigator
Collection
Volume
Page
Wylie

416b1 དགེ་འདུན་གྱི་མདུན་ན་གདན་བཤམས་པ་ལ་བཞུགས་སོ།། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་རྔ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡོད་ཅིང་འདུག་པར་གྱུར་ཏོ།། དེ་ནས་ཚེ།
416b2 དང་ལྡན་པ་ཀུན་དགའ་བོ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏཱི། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད
416b3 ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འདི་ན་དགེ་སློང་གཞང་འབྲུམ་ཅན་མང་པོ་དག་གཞང་འབྲུམ་གྱི་ཟོ་ནད་ཀྱིས་གཟིར་ཏེ། སྡུག་བསྔལ་མི་བཟད་པ་དྲག་པོ་མི་བདེ་བ། ཡིད་དུ་མི་འོང་བའི་ཚེར
416b4 པ་མྱོང་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་དེ་དག་ལ་དག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀལ
416b5 སྦྲུལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱིས་གཞང་འབྲུམ་སེལ་བའི་མདོ་འདི་ལོང་ཞིག། ཀུན་དགའ་བོ་གང་ལ་ལ་ཞིག་གིས་གཞང་འབྲུམ་སེལ་བའི་མདོའི་མིང་དང་། ཚིག་དང་། ཡི་གེ་ཤེས་ན་ཇི་སྲིད
416b6 འཚོའི་བར་དུ་གཞང་འབྲུམ་གྱི་ནད་ཀྱིས་བཏབ་པར་མི་འགྱུར་རོ།། རོ་རབས་བདུན་གྱི་བར་དུ་ཚེ་རབས་དྲན་པར་འགྱུར་རོ།། ཏདྱ་ཐཱ། ཨ་ལནྟེ། ཨ་མ་ལེ། ཤཱ་ལི་ཙི་ནི། ཀུ་ཤེ་སཾ་བཱ་བེ་སྭཱ་ཧཱ།
416b7 ཀུན་དགའ་བོ་འདི་ལྟ་སྟེ། བྱང་ཕྱོགས་ན་རིའི་རྒྱལ་པོ་གངས་ཞེས་བྱ་བ་དེ་ན། སཱ་ལའི་ཤིང་རྣམ་པར་རྒྱལ་བ་ཞེས་བྱ་བ་དེའི་མེ་ཏོག་གསུམ་ཡོད་དེ། གཅིག་ནི་འཕེལ་བ་ཞེས་བྱ། གཉིས་པ་ནི་འཇམ་པ




iiif viewer powered by OpenSeadragon

416a - 417a

Texts on this page

Ty068-057 - k+Sha ya'i nad sel ba'i sngags
Ty068-058 - 'phags pa gzhang 'brum rab tu zhi bar byed pa'i mdo