| | e-texts navigator
|
384b1 མཅན། ཐལ་ཙན། རརྦཱ་ནེ། བི་ཤོཿནེ། ས་ད~ཾ་ཎིསན་བྷཱི་ར་ཎི། སཙྪཛྙཱ་ནི། དྷུ་རཱམཱ་ལེ་དྷ་རས་ཎེ། གརབང། བ་དྷཱ་པ་ཏི། བཻ་བཻ་རི། གེ་རེ་ལེ། རྦ་དུ
384b2 བཾ་ག་ལེ་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ།། སྒྲ་གཅན་ཟིན་བེ་ཅོན་ཆེན་པོའི་གཟུངས་ཀྱི་རིག་སྔགས་བརྒྱ་རྩ་བཅུ་པ་འདི་སྲུད་པ་ལ་མདུད་དེ། ལག་པ་ལ་བཏགས་སམ།
384b3 མགུལ་དུ་བཏགས་ན། ཀུན་ནས་དཔག་ཚད་བཅུ་ཁོར་ཡུག་ཏུ་བཅོན་རྣམས་དང་། མེ་ཏོག་རྣམས་དང་། ཕྱག་རྒྱ་རྣམས་ཀྱིས་དེ་བསྲུང་བར་བྱས་པར་འགྱུར་རོ།། དེ་ལ་མི་དང་མི་མ་ཡིན་པ་རྣམས་ཀྱིས་མི
384b4 ཚུགས་པར་འགྱུར་རོ།། མཚོན་དང་། དུག་དང་ཀ་ནང་དང་། རིམས་ནད་དང་། རིམས་དྲག་པོ་དང་། རིག་སྔགས་དང་། གསང་སྔགས་དང་། རོ་ལངས་དང་། ཁྲོ་གདུག་དང་། མེ་དང་། ཆུས་འཆི་བའི
384b5 དུས་བྱེད་པར་མི་འགྱུར་རོ།། རིག་སྔགས་དང་། གསང་སྔགས་དང་། སྦྱོར་བ་རྣམས་ལེགས་པར་སྦྱོར་བ་ཐམས་ཅད་ཀྱིས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའོ།། གྲུབ་པ་རྣམས་ཀྱང་ཆུད་མི་ཟ་བར
384b6 བྱེད་པའོ།། ཕ་རོལ་གྱི་སྦྱོར་བ་འཆིང་བའི། ཕ་རོལ་གྱིས་བཅིངས་པ་ལས་གྲོལ་བར་བྱེད་པའོ།། ནད་དང་། མྱ་ངན་དང་། བགེགས་རྣམ་པར་འཇིག་པར་བྱེད་པའོ།། འཐབ་པའི་རྙོག་པ་རབ་ཏུ
384b7 ཞི་བར་བྱེད་པའོ།། གདོན་ཐམས་ཅད་ཟློག་པར་བྱེད་པའོ།། གདོན་གང་གིས་མི་གཏོང་བ་དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་མགོ་ཚལ་པ་བདུན་དུ་འགེབས་སོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ
iiif viewer powered by OpenSeadragon
384a - 385a