e-texts navigator
Collection
Volume
Page
Wylie

218b1 གོས་དང་། རྒྱན་ལ་སོགས་པས་མཆོད་པ་དང་བསྟི་སྟང་བྱས་ནས། ངེས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་འདི་སྐད་ཅེས་གསོལ།
218b2 ཏོ།། བཅོམ་ལྡན་འདས་གཟུངས་འདི་ནི་མཐུ་ཆེ་ཞིང་ཕན་ཡོན་ཆེ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཀྱང་རྟག་ཏུ་རྒྱུན་མི་འཆང་བར་སེམས་ཅན་དེའི་སླད་བཞིན་དུ་འབྲང་ཞིང་ཀུན་ཏུ་བསྲུང་བ
218b3 དང་། ཡོངས་སུ་བསྐྱབ་པའི་སླད་དུ་གནས་པར་བགྱིའོ།། སེམས་ཅན་དམྱལ་བ་ཐམས་ཅད་ལས་དེ་བཟློག་པར་བགྱིའོ།། བཅོམ་ལྡན་འདས་བདག་ནི་བྱས་པ་གཟོ་བར་བགྱིད་ཅིང་། བྱས་པ་མི་གཟོ
218b4 བར་མི་བགྱིད་།། དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་འདིའི་ཆོ་ག་ཞི་བ
218b5 མོ་དང་། བགྱི་བའི་ཆོ་གའི་ཚུལ་རྒྱས་པར་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་དང་གཟུངས་འདིའི་བྱ
218b6 བའི་ཆོ་གའི་ཚུལ་བཤད་པར་བྱའོ།། སེམས་ཅན་ཚེ་ཐུང་བའི་དོན་གྱི་ཕྱིར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཚེས་བཅོ་ལྔའི་ཟླ་བ་ཉ་བ་ལ་ཁྲུས་བྱས་ཏེ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན།
218b7 དེས་སེམས་ཅན་ཚེ་ཟད་པ་དེའི་ཚེ་ཕྱིར་ནུར་ནས་ནད་ཐམས་ཅད་དང་བྲལ་བར་འགྱུར་རོ།། སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཐོབ་པར་འགྱུར་རོ།། སེམས་ཅན་དམྱལ་བ་ལ་སོགས་པ་ངན་འགྲོ




iiif viewer powered by OpenSeadragon

218a - 219a

Texts on this page

Ty068-026 - 'phags pa ngan 'gro thams cad yongs su sbyong ba gtsug tor rnam par rgyal ba zhes bya ba'i gzungs