| | e-texts navigator
|
215b1 གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ཐམས་ཅད་སྐེམས་པར་འགྱུར། རྣམ་པར་འཇིག་པར་འགྱུར། རྣམ་པར་འཐོར་བར་འགྱུར། རྣམ་པར་སེལ་བར་འགྱུར། སྟོངས་པར
215b2 འགྱུར་རོ།། དེ་ལྟར་དེ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། ལྷའི་གནས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་ཀྱི་སྒོ་རྣམས་ཕྱེ་བར་འགྱུར་རོ།། དེ་གང་འདོད་པ་དེར་འཇུག་པར
215b3 འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་དེ་བཀའ་སྩལ་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་སྨན་གདགས་པར
215b4 མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ་བཏབ་པ་མཁྱེན་ནས་གཟུངས་འདི་དག་བཀའ་སྩལ་ཏོ།། ཨོཾ་ན་མོ་བྷ་ག་བ་ཏེ་སརྦྦ་ཏྲཻ་ལོཀྱ་པྲ་ཏི་བི་ཤིཥྚ།
215b5 ཡ་བུདྡྷ་ཡ་ཏེ་ན་མཿཏདྱ་ཐཱ། ཨོཾ་བྷྱཱཾ་བྷྱཱཾ་བྷྱཱཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷཱ་ས་སཱ་ར་ཎ་ག་ཏི། ག་ག་ན་སཱ་བྷཱ་བ་བི་ཤུདྡྷེ། ཨ་བྷི་ཤིཉྩནྟུ་མཾ། སརྦྦ་ཏ་ཐཱ་ག
215b6 ཏཱཿསུ་ག་ཏ་བ་ར་བ་ཙ་ན། ཨ་མཱཾ་ཏ་ཝཽབྷི་ཥེ་ཀཻ་ར། མ་ཧཱ་མུ་དྲ། མནྟྲ་བ་དེཿཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུཿ། སན་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷཱ་ཡ། བི་ཤྲོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་ས་བྷཱ
215b7 བ་བི་ཤུདྡྷེ་ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཾ་ཙེ་དི་ཏེ། སརྦྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥརྨྨ་ར་མི་ཏཱ་པ་རི་པཱུ་ར་ཎི་སརྦྦ་ཏ་ཐཱ་ག་ཏ་མཱ་ཏེ་ད་ཤ་བྷཱུ་མི་པྲ་ཏི་ཥྛི་ཏེ། སརྦྦ་ཏ་ཐཱ་ག་ཏཱ་ཧྲི་ད་ཡེ
iiif viewer powered by OpenSeadragon
215a - 216a