e-texts navigator
Collection
Volume
Page
Wylie

214a1 ནའང་དེར་དབུལ་པོར་འགྱུར་ཞིང་དམུས་ལོང་དུ་འགྱུར་རོ་ཞེས་དེས་ཐོས་སོ།། དེ་ནས་ལྷའི་ཐ་དེས་སྒྲ་དེ་ཐོས་ནས་འཇིགས་སྐྲག་སྤངས་ཏེ་སྤུ་ཟིང་ཞིང་ཞེས་བྱེད་པར་གྱུར།
214a2 ནས། དེ་རིངས་པ་རིངས་པར་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་རྐང་པ་ལ་ཕྱག་བྱས་ཏེ། བརྟབས་པར་སྨྲ་ཞིང་དེ་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲ།
214a3 སྔགས་འདོན་བཞིན་དུ། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་དབང་པོ་གསན་དུ་གསོལ། ལྷའི་དབང་པོ་བདག་དང་ལྷའི་བུ་མོའི་ཚོགས་ཀྱིས་བསྐོར་ཏེ། ལྷའི་ལོངས
214a4 སྤྱོད་ཀྱི་དགའ་བས་རྩེ་ཞིང་བདེ་བ་མྱོང་བ་ལས་སྒྲ་ཞིག་ཐོས་པ། ལྷའི་བུ་ཤིན་ཏུ་བརྟན་པ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་ཏེ། འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་རོ།། དོར་ཡང་དེ
214a5 འགྲོ་བ་བདུན་མྱོང་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ།། བརྒྱ་ལ་ནམ་ཞིག་མིར་སྐྱེས་པར་གྱུར་ནའང་དེར་དེ་དབུལ་པོར་འགྱུར་ཞིང་དམུས་ལོང་དུའང་འགྱུར་རོ་ཞེས་ཐོས་ན། ལྷའི་དབང་པོ
214a6 དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་ཐ་ཤིན་ཏུ་བརྟན་པའི་ཚིག་དེ་ཐོས་ནས་ཤིན་ཏུ་ངོ་མཚར་དུ་འཛིན་པར་གྱུར་ཏེ། ལྷའི་བུ་འདིས་འགྲོ་བ་བདུན་པོ་གང
214a7 དག་མྱོང་བར་འགྱུར་སྙམ་དུ་སེམས་ཤིང་སྐད་ཅིག་ཅང་མི་སྨྲ་བར་འདུག་པ་དང་། འགྲོ་བ་བདུན་ནི་ཕག་གི་སྐྱེ་གནས་དང་། ཁྱི་དང་། ཝ་དང་། སྤྲེའུ་དང་། སྦྲུལ་གདུག་པ་དང་། བྱ་རྒོད་དང་། བྱ་ཁ་སྟེ། འགྲོ།




iiif viewer powered by OpenSeadragon

213b - 214b

Texts on this page

Ty068-026 - 'phags pa ngan 'gro thams cad yongs su sbyong ba gtsug tor rnam par rgyal ba zhes bya ba'i gzungs