| | e-texts navigator
|
212b1 འགྱུར་རོ།། ཡང་ན་ཟླ་བ་རེ་རེའི་དཀར་པོའི་ཕྱོགས་ཀྱི་ཆོས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། དུས་གསུམ་དུ་ཚེ་ལོ་སྐྱོང་ཐུབ་པར་འདོད་པས་སྦྱིན་སྲེག་བྱས་ན་མཆོག་གི་ཚེ་རིང་བ་དང་བློ་རྣོ་བ།
212b2 སྦྱིན་པར་བྱེད་དོ།། སེམས་ཅན་རྣམས་ལ་སྨད་པར་མི་བྱའོ།། ཆོ་ག་འདིས་རང་གི་ལུས་ནད་གྱིས་གོས་པར་མི་འགྱུར་ཞིང་ལོ་བརྒྱ་ལྔ་བཅུ་འཚོ་བ་དང་། དགྲ་ལས་རྣམ་པར་རྒྱལ་བ་དང་། བློ་རྣོ
212b3 བབར་འགྱུར་རོ།། དབྱངས་སྙན་པར་འགྱུར་རོ།། གལ་ཏེ་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཞི་བ་ཆེན་པོར་འགྱུར་རོ།། དེ་ནས་གཞན་ཡང་སྒྲུབ་པར་འདོད་ན་གཙུག་ཏོར་གྱི་རྒྱལ་པོ
212b4 ཆེན་པོ་ཆེ་དང་བློ་རྣོ་བ་དང་བཅས་པས་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ཏེ། དང་པོ་དང་མཐར་སྟོང་སྟོང་གི་མཆོད་པ་བྱས་ལ། ཡང་འབུམ་ཕྲག་གཅིག་བཟླས་པ་བྱས་ན་ཚེ་ལོ་འབུམ་ཕྲག་གཅིག
212b5 ཐུབ་པར་འགྱུར་རོ།། བྱེ་བ་བྱས་ན་བྱེ་བ་ཐུབ་བོ།། དེ་ལྟར་འདིའི་ཆོ་གའི་རིམ་པས་ཚེ་ལོ་དཔག་ཏུ་མེད་པར་འགྱུར་ཞིང་ནམ་མཁའ་ལ་འགྲོ་བ་དང་། དཔའ་བ་དང་། དགྲ་ལས་རྒྱལ་བར་འགྱུར།
212b6 རོ། དཔལ་འདོད་ན་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་དཔལ་ཆེན་པོ་ཐོབ་པར་འགྱུར་རོ།། རྒྱལ་པོ་འདོད་ན་པདྨ་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་རྒྱལ་པོ་ཆེན་པོ་ཐོབ་པར་འགྱུར་རོ།།
212b7 བྱེ་བ་གཅིག་བྱས་ན་འཁོར་ལོ་ས་སྒྱུར་བ་ཐོབ་པར་འགྱུར་རོ།། ཡང་ན་རལ་གྲི་ལ་སོགས་པ་སྒྲུབ་པར་འདོད་ན་རིང་། བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་ཐང་སྐུ་བཀྲམ་ལ་སྟོང་གི
iiif viewer powered by OpenSeadragon
212a - 213a