e-texts navigator
Collection
Volume
Page
Wylie

212a1 ཉི་མ་རེ་རེ་ལ་དུས་གསུམ་དུ་ཉི་ཤུ་རྩ་གཅིག་རྩ་གཅིག་བརྗོད་ན་བློ་རྣོ་བ་དང་། ཚེ་རིང་བ་དང་། ཤེས་རབ་དང་ལྡན་པ་དང་། ནད་མེད་པ་དང་། སྐྱིད་པ་དང་། ལོ་བརྒྱ་འཚོ།
212a2 བ་དང་། སྐྱེ་བ་དྲན་པར་འགྱུར་རོ།། ཡང་ན་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཚེ་རིང་བ་དང་བློ་རྣོ་བར་འགྱུར་རོ།། དེ་ནས་གཞན་ཡང་སྦྱིན་སྲེག་གི་ཆོ་ག་སེམས་ཅན་ཐམས་ཅད་ལ།
212a3 ཕན་པའི་ཕྱིན་ཉེ་བར་བཤད་པར་བྱ་སྟེ། ཁྲུ་གང་གི་ཚད་ཀྱི་ཐབ་ཁུང་ཟླུམ་པོ་རྡོ་རྗེ་འཕྲེང་བས་བརྒྱན་པ། ཙན་དན་དཀར་པོ་འམ་ས་དཀར་གྱིས་བྱུགས་ལ་མེ་ཏོག་དཀར་པོ་བཀྲ་མ་སྟེ།
212a4 ལོགས་བཞིར་ཞུན་མར་གྱི་མར་མེ་བཞི་བཞག་ལ་བདུག་སྤོས་ལ་སོགས་པས་ཡང་དག་པར་མཆོད་ལ། ཕྱོགས་བཞིར་མཚན་ཉིད་དང་ལྡན་པའི་བུམ་པ་རབ་ཏུ་མཛེས་པ་གོས་དཀར་པོ་གཡོགས་ལ
212a5 ཡལ་ག་ལ་ཁ་བརྒྱན་པ་བཞི་གཞག་པར་བྱའོ།། འོ་མ་ཅན་གྱི་ཡམ་ཤིང་ལ་མེ་སྦར་ལ་མེ་ལྷ་བཀུག་ལ། དགང་བླུགས་གསུམ་བྱིན་ལ་བསང་གཏོར་བྱས་ཏེ་གཤེགས་སུ་གསོལ་ལོ།། དེ་ནས་ཚེ
212a6 དཔག་ཏུ་མེད་པ་གསལ་པོར་ཐབ་ཁུང་གི་དབུས་སུ་བསམས་ལ། གཙུག་ཏོར་རྣམ་པ་ར་རྒྱལ་བ་བཟླས་ཤིང་དགང་བླུགས་གསུམ་དབུལ་ལོ།། ཡང་ན་ཨོཾ་ཨ་མྲྀ་ཏ་ཨཱ་ཡུ་རྡ་དེ་སྭཱ་ཧཱ་ཀ་ཞེས་བྱ་བས
212a7 ཚེ་དང་བློ་རྣོ་བ་དང་བཅས་པས་བརྒྱང་བརྒྱ་དུས་གསུམ་དུ་སྦྱིན་སྲེག་བྱའོ།། གཙུག་ཏོར་རྣམ་པར་རྒྱལ་བ་ལན་འདུན་དུ་བཟླས་པ་བྱས་ན་ཚེ་རིང་བ་དང་། བློ་རྣོ་བ་དང་། སྐྱིད་པ་དང་ཀ་ནད་མེད་པར




iiif viewer powered by OpenSeadragon

211b - 212b

Texts on this page

Ty068-025 - de bzhin gshegs pa thams cad kyi gtsug tor rnam par rgyal ba zhes bya ba'i gzungs rtog pa dang bcas pa