| | e-texts navigator
|
486b1 ལ་ལན་འདུན་བསྔགས་ཏེ་མིག་བཀང་ན་མིགནད་སེལ་ཏོ།། མིའི་ཁོང་དུ་མཆོད་གྱི་དུམ་བུ་ལུས་པ་ལ་ཞུན་མང་རྙིང་པ་ལ་ལན་བདུད་ནམ་བརྒྱ་རྩ་བརྒྱད་བསྔགས་ཏེ། བླུད་པའམ་མཁར་བསྐུས
486b2 ན་མཆོད་གྱི་དུམ་བུ་འབྱུང་བར་འགྱུར་རོ།། ཟས་མ་ནུ་བ་དང་། སྲོས་ཏེ་གསུད་པ་དང་། ཆོད་པས་འཁྲུ་བ་ལ་མུ་རང་ཚྭ་འམ། རྒྱ་མཚྭ་འམ། ཡང་ར་ལན་ཚ་གཞན་ག་ཡང་རུང་བ་ལལན
486b3 བསྔགས་ཏི་བས་དང་དེ་ལས་གྲོས་ཏེད་ཚད་ཀྱི་ཟིན་པར་སོས་པར་འགྱུར་།། ཀླད་པར་པ་ལ་བྱ་དོག་གི་སྒོ་ལ་ལན་བདུན་བསྔགས་ཏེ་བྱབས་ན་དང་དེ་སོས་པར་འགྱུར་རོ།། འཇམ་དཔལ་གྱི་མིག
486b4 འབྲུ་གཅིག་པའི་གཟུངས་རྫོགས་སོ།། རྒྱ་གར་སྐད་དུ། ཨཱརྱ་མཉྫ་ཤྲཱི་རཱ་མ་ཨཉྫ་ཤ་ཀ་ན། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི
486b5 མཚན་བརྒྱ་རྩ་བརྒྱད་པ་འཇམ་དཔལ་གནོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཤིན་ཏུ་དང་བའི་སེམས་ཀྱིས་སུ།། ཐུབ་ལ་མགོ་བོས་ཕྱག་འཚལ་ཏེ།། སངས་རྒྱས་རྣམས་ཀྱིས་བསྔགས
486b6 པ་ཡི།། མཚན་རྣམས་འདིར་ནི་བརྗོད་པར་བགྱི།། གཟུགས་མཛེས་གཟུགས་དང་ལྡན་པ་སྟེ།། གཟུགས་རྣམས་ཀུན་གྱི་བླ་ན་མེད།། མཚན་རྣམས་ཐམས་ཅད་ཀུར་ཏུ་རྫོགས།། འཇམ
486b7 དཔལ་གྱིས་ནི་དམ་པ་ལགས། ཁསམ་གྱིས་མི་ཁྱབ་བསམ་དང་བྲལ།། མཐུ་རྩལ་བསམ་ཡས་རྨད་དུ་བྱུང་།། སྐུ་གསུང་འཕྲིན་ལས་བསམ་མི་ཁྱབ།། དེ་བཞིན་ཐུགས་ཀྱང་བསམ་པི་ཁྱབ
iiif viewer powered by OpenSeadragon
486a - 487a