e-texts navigator
Collection
Volume
Page
Wylie

466b1 ཀྱི་དོན་གྱི་ཕྱིར་རབ་ཏུ་ཞུགས་པ་ཁྱོད་ཡང་ལེགས་སོ་ལེགས་སོ།། འཇམ་དཔལ་གཞོན་ནུ་ཁྱོད་དེ་བནིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་དེ་ཁྱོད་ཡང་ལེགས་སོ།། འཇམ་དཔལ་གནོན།
466b2 རུང་གྱུར་པ་དེའི་ཕྱིར་ལེགས་པར་ཤིན་ཏུ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་དང་། ལྷ་དང་། མི་རྣམས་དང་། འཇིག་རྟེན་ལ་རབ་།
466b3 བརྩེ་བའི་ཕྱིར་ངས་ཁྱོད་ལ་བཤད་དོ།། སྤྱོད་པ་ཐམས་ཅད་ལ་ཞུགས་པ་དང་། བྱང་ཆུབ་ཀྱི་ལམ་དང་། ཐམས་ཅད་ཤེས་པ་དང་། ཆོས་ཀྱི་དབྱིངས་ལ་འཇུག་པ་དང་། འཕགས་པ་འཇམ་དཔལ་གྱི་སྐུ
466b4 ལ་གནས་པར་འདོད་པ་རྣམས་ཀྱིས་རིག་པའི་རྒྱལ་པོ་མཆོག་ཏུ་གསང་བ། གཞོན་ནུ་ཁྱོད་ཀྱི་རྩ་བའི་ཆོ་གའི་ལེའུ་རབ་འབྱམས་འཆི་བའི་དུས་ཀྱི་ཚེའང་འདི་དྲན་པར་བྱའོ།། དེ་གང་ཞེ་ན། ན་མཿསཱ་མ
466b5 དྷྱ་ཏ་ཐཱ་ཏེ་བྷྱོ། ཨརྷ་ཏེ་བྷྱཿ། སམྱ་ཀ་སཾ་བུདྡྷེ་བྷྱཿ། ཨོཾ་ཀུ་མཱ་ར་རཱུ་པི་ཎེ། བི་ཤྭ་སཾ་བྷ་བ། ཨཱ་གསྟྲ་མཱ་གཛྫ། ལ་ཧུ་ལ་ཧུ། དྷུ་བྷྱཱཾ། ཛི་ན་ཛི་ཀ། མཉྫུ་ཤྲཱི་ཡ། སུ་ཤཱི་ཡ། ཏཱ་ཡ་པཱཾ། སརྦ་དུཿཁ་བྷྱཿཔཊ་ཕཊ།
466b6 མ་ཡ་ཤམས། ཨ་མྲྀ་ཏོད་བྷ་བ། པཱ་བཾ་མེ་རཱ་ཤ་ཡ་སྭཱ་ཧཱ། འཇམ་དཔལ་འདི་ནི་ཁྱོད་ཀྱི་སྙིང་པོ་དམ་པ་ཡིན་ཏེ། ཞི་བ་ཐམས་ཅད་བྱེད་པ། སྡིག་པ་ཐམས་ཅད་ཟད་པར་བྱེད་པ། སྡུག་བསྔལ་ཐམས་ཅད
466b7 ལས་རབ་ཏུ་གྲོལ་བར་བྱེད་པ། ཚི་དང་། ནད་མེད་པ་དང་། དབང་ཕྱུག་དང་། སྐལ་བ་བཟང་པོ་མཆོག་དང་། ངག་གི་དབང་ཕྱུག་སྐྱེད་པར་བྱེད་པ། རིག་པའི་རྒྱལ་པོ་ཐམས་ཅད་གཟེངས་བསྟོད་པར་བྱེ།




iiif viewer powered by OpenSeadragon

466a - 467a

Texts on this page

Ty066-035 - 'phags pa 'jam dpal gyi rtsa ba'i rgyud
Ty066-041 - rje btsun 'phags pa 'jam dpal gyi shes rab dang blo 'phel ba zhes bya ba'i gzungs