e-texts navigator
Collection
Volume
Page
Wylie

465b1 ངེས་པའི་མདོ་སྡེ་བཟང་པོ་ཡིན།། ས་བདག་ཡོན་ཏན་བདག་ཉིད་ཆེ།། ཡུལ་དང་དུས་ཀྱི་སྐྱོང་བ་དང་།། རྒྱལ་སྲས་མི་དུ་སྐྱེས་པ་ཡིན། ས་སྟེངས་དམ་པའི་ཆོས་བསྟན་ཞེས།། འཇིག་རྟེན་གཙོ་འི་ཐུབ་པ།།
465b2 རྒྱལ་བ་བདུདན་པས་བསྟན་པ་ཡིན།། ཆོ་ག་རྒྱ་ཆེར་གསུངས་པ་ནི།། བློ་དང་དཔལ་ནི་མངོན་པར་འཕེལ།། རྩ་བ་རབ་འབྱམས་ལེའུ་ཞེས།། སྔགས་དང་རྒྱུད་དང་ལྡན་པ་དེ།། གང་ཞིག་མདོ་མཆོག་གཙོ
465b3 འདི། རྒྱལ་བས་མཆོད་པའི་ཆོས་ཀྱི་མཛོད།། ས་སྟེང་མིས་ནི་སྤོང་བྱེད་པ།། དེ་ནི་མནུར་མེད་དམྱལ་བར་འགྲོ།། བསྐལ་པ་ཆེན་པོར་དེ་འཚེད་ཅེས།། རྣམ་པ་དུ་མར་དབྱེ་བར་བསྟན།། ནམ་ཞིག་གང་དུ
465b4 འབྱུང་བ་ནི།། མི་ཡི་ལུས་སུ་སྐྱེས་ན་ཡང་།། དབུལ་ཞིང་ནད་མང་གླེན་པ་དང་།། ཀླ་ཀློ་དག་ཏུ་སྐྱེ་བར་འགྱུར།། འཇིག་རྟེན་སྨད་པར་འགྲོ་བ་སྟེ།། དེ་ནི་མཛེ་ཅན་ནད་པར་འགྱུར།། ལྐུག་ཅིང་འོན་པ་ཡན་ལན།
465b5 ཉམས།། ཟོ་ཉམས་ལོང་བ་ཉིད་དང་ནི།། རྩུབ་ཅིང་རྟག་ཏུ་འཇིགས་པའི་གཟུགས།། ས་སྟེང་ཡི་དགས་ལྟ་བུར་སྡང་།། གོས་ངན་སེམས་ནི་ཞན་པ་དང་།། སེན་མོ་དང་ནི་ལུས་ཀྱང་ངན།། སྲིད་བུ་རྣམས
465b6 ཀྱིས་ཟོས་པ་དང་།། ཤུ་བ་གཡན་པ་ཡང་དག་ལྡན།། མདོ་སྡེ་འདི་ནི་རབ་སྤངས་ན།། གང་དང་གང་གི་འགྲོ་བར་འགྲོ།། དེ་དང་དེར་ནི་སྐྱེས་པ་ར།། བློ་ངན་རྨོངས་པར་སྐྱེ་བར་འགྱུར།། དེ་ནས་བྱང་ཆུབ་སེམ
465b7 དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས།། པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ཏེ་མིག་ཕྱེ་ཞིང་འི་འཛུབ་པས།




iiif viewer powered by OpenSeadragon

465a - 466a

Texts on this page

Ty066-035 - 'phags pa 'jam dpal gyi rtsa ba'i rgyud
Ty066-041 - rje btsun 'phags pa 'jam dpal gyi shes rab dang blo 'phel ba zhes bya ba'i gzungs