e-texts navigator
Collection
Volume
Page
Wylie

465a1 གང་ཞིག་ཆོས་ནི་འདི་འཇིག་པ།། དེས་སྐྱེ་བོ་དེ་འཚེད་འགྱུར།། ཀུར་གྱི་མཐང་ཐུག་མནར་མེད་པ།། དེ་ཉམས་དེ་བཞིན་དམྱལ་ཆེན་སྟེ།། དམྱལ་བའི་སམཐའ་མཐའ་ཡས་པ་པ།།
465a2 རྟག་ཏུ་བློ་མེད་དེ་ནི་འགྲོ།། མདོ་སྡེ་དེ་ནི་རྒྱ་ཆེ་བ་བཅས།། ཆོས་ཀྱི་ནོར་ཀུན་རབ་སྤངས་ནས།། དེ་ནི་འཇིག་རྟེན་ངན་པར་འགྲོ།། དབང་མེད་རྟག་པར་དབང་དུ་འགྲོ།། གང་ནིག་མདོ་སྡེའི་ཆོ་ག་འདི།། སྔགས
465a3 དང་རྒྱུད་ཀྱིས་ལེགས་པར་བརྒྱད།། གྲུབ་པ་སྣ་ཚོགས་བརྒྱ་རྣམས་འཐོབ།། ཡང་དག་མཐའ་ནི་སྒྲིབ་པ་མེད།། ཆོས་ཀྱི་དབྱིངས་ཀྱི་སྐུ་ཉིད་ཡིན།། དམིགས་སུ་མེད་པའི་ངོ་བོ་ཉིད།། ཆོ་ག་ཆོ་ག་རྒྱ་ཆེན་བ
465a4 ལེའུ་མ་འབྱམས་འདིས་འདྲེན་བྱེད།། འཇམ་པའི་དབྱངས་ནི་ལེགས་དགོད་པ།། ཕུན་ཚོགས་དཔལ་དང་བློ་གྲོས་མཆོད།། རྩ་བའི་ཚི་ག་མི་ཆུང་བ།། རྒྱ་ཆེ་མང་པོར་བསྟན་པ་ཡིན།། རྟག་དང་ཆད་དང
465a5 ཐོག་མཐའ་ནི།། གཉིས་ཀའི་མཐའ་དོན་རྣམ་པར་སྤངས།། རིམ་བཅས་རིམ་ནི་ངེས་པར་བསྟན།། སྔགས་ཀྱིས་ལུས་ནི་བཏུས་པ་ཡི།། མེ་དང་དྲུང་དང་དམ་མཁའ་དང་།། སྟོང་པ་འདི་ཉིད་ལེགས་གསུངས
465a6 པ།། སྤངས་པ་རྟག་ཏུ་འགྲོ་བདེ།། འོག་ནས་འོག་ཏུ་དེ་ཆེ་འགྲོ།། བསྐུལ་པ་རྣམ་མང་གསུབ་གྱི་གྲངས།། དེ་ཚེ་བསོད་ནམས་ཡོངས་བསྔགས་ནས།། དེ་ཚེ་བྱང་ཆུབ་ཐོབ་ནས་ནི།། བདག་དང་རྒྱལ་བ
465a7 མཆོག་རྣམས་ཀྱིས།། སྔགས་དང་རྒྱུད་ཀྱི་དོན་གསུངས་པ།། འགྲོ་བ་ཡུལ་ནི་སྡིག་མེད་ལལོ།། རྩ་བའི་ཆོ་ག་དག་བྱེད་དང་།། སྡིག་པ་མེད་ཅིང་བཀྲ་ཤིས་པའི།། ལེའུ་རབ་འབྱམས་རཔ་གསུངས་པ




iiif viewer powered by OpenSeadragon

464b - 465b

Texts on this page

Ty066-035 - 'phags pa 'jam dpal gyi rtsa ba'i rgyud
Ty066-041 - rje btsun 'phags pa 'jam dpal gyi shes rab dang blo 'phel ba zhes bya ba'i gzungs