| | e-texts navigator
|
464b1 རྒྱ་ཆེ་བ་དང་། མཐའ་ཡས་ཤིང་མུ་མེད་པ་སྔོན་གསུངས་པ་ཡིན་ནོ།། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་སྤངས་སམ། རྣམ་པར་རྟོག་པར་བྱེད་ན་བསོད་ནམས་མ་ཡིན་པ་དཔག་ཏུ་མེད་པ་འཕེས
464b2 བར་འགྱུར་ཞིང་དམྱལ་བར་ཡང་སྐྱེ་བར་འགྱུར་ལ། དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྐྱེ་བ་ངན་པར་ཡང་འགྲོ་བར་འགྱུར་རོ།། སྨན་དང་སྔགས་རྣམས་མེད་དོ།། བྱང་ཆུབ་སེམས
464b3 དཔའ་མེད་དོ།། དེ་རྣམས་བདག་ཉིད་ཆེན་པོ་རྫུ་འཕྲུལ་ཆེ་བ་དང་རྣམ་པར་འཕྲུལ་པའང་མེད་དོ།། ཆོ་ག་རྒྱ་ཆེ་བའང་མེད་དོ།། འཕགས་པ་མ་ཡིན་པས་བཤད་དོ་ཞེས་བྱས་ནས་སྤོང་བ་འམ། ཡང་ན་འགྲོ
464b4 ཞིང་འདི་ཉན་པར་མི་ནུས་སོ་ཞེས་གནས་དེ་ལས་གཞན་དུ་འགྲོ་ན་དེ་དག་ལ་བསོད་ནམས་མ་ཡིན་པ་ཆེན་པོ་འབྱུང་བར་འགྱུར་རོ།། ཅི་སྟེ་བློ་ཆུང་བ་གང་གིས་ཆོས་འདི་ནི་ཐུབ་པ་མཆོག། ཐུབ་པའི་སྲས
464b5 བློ་དང་ལྡན་པ་མ་ཡིན་ནོ་ཞེས་རབ་ཏུ་སྤོང་བར་བྱེད་དོ།། མི་དེ་དམྱལ་བར་འགྲོ་འགྱུར་ཞིང་།། དེ་ཉམས་ནས་ནི་དུད་འགྲོ་འགྲོ།། ཐིག་ནག་དང་ནི་ཡང་སོས་དང་།། སྤུ་གྲི་སོ་དང་མེ་མ་མུ་།། རོ་མྱགས
464b6 ཆུ་བོ་རབ་མེད་སྐྱེ།། དེ་ནས་ཕྱིར་ཡང་སྤུ་གྲི་སོ།། ལོ་མ་རལ་གྲི་ལྟ་བུའི་ནགས།། ཡང་ན་ཀྱི་ཧུད་ཟེར་དེ་བཞིན།། འཇིག་རྟེན་གྲགས་པ་སོ་ཐ་མ་ཐ་མ།། སྡིག་པའི་ལས་ཀྱིས་དམྱལ་བ་རུ།། གང་གིས
464b7 ཆོས་ནི་སུན་བྱེད་པ།། དེས་ནི་སྐྱེ་བོ་དེ་དག་འགྲོ།། འཇིག་རྟེན་སྨད་པར་རབ་བསྟན་པ།། མི་བཟད་མནར་མེད་པ་ཞེས་བྱ།། མ་དང་སེམས་ཀྱིས་ཆོས་སྤངས་པ།། སྡིག་པའི་ལས་ཅན་གནས་ཡིན་ཏེ།།
iiif viewer powered by OpenSeadragon
464a - 465a