| | e-texts navigator
|
463a1 སྐད་གསོལ་ནས་ཐུབ་མཆོག་ནི།། བྲམ་ཟེར་གྱུར་པ་འོད་སྲུངས་ཀྱིས།། དེ་ཚེ་གསུང་དུ་བཀའ་སྩལ་པ།། ཀ་ལ་བིང་ཀའི་སྒྲ་སྐད་དུ།། རྒྱལ་བ་མཆོག་གིས་སྡོད་གསུངས་པ།
463a2 གཞོན་ནུ་སྣ་ཚོགས་ཡང་དག་འབྱུང་།། བདག་ཉིད་ཆེན་པོ་འཇམ་དཔལ་ནི།། རྙེད་དཀའ་སྐུ་ནི་འབུམ་གྱུར་པ།། ཡང་དག་མཐའ་ལ་གནས་དེ་ནི།། ཟབ་མོའི་དོན་གྱི་དོན་སྟོན་བྱེད།། སྤོས་མེད་རྣམ་པ་མེད།
463a3 པ་དང་།། གནས་མེད་པ་ལ་གཟུགས་བྱས་ནས།། ཤིན་ཏུ་དོན་ལྡན་ཆོས་ཀྱང་སྟོན།། ལྷ་ཡི་དབང་ཕྱུག་དེ་ནི་དྲན།། དེ་ནས་དེ་ནི་དེ་དྲན་པས།། བྱང་ཆུབ་སེམས་དཔའ་དྲན་ཙམ་གྱིས།། གཞོན་དུ
463a4 ཚོགས་གཟུགས་ཅན་རི།། དེར་ནི་དེ་ཡི་མོད་ལ་ལྷགས།། དེར་ནི་བཅོམ་ལྡན་འདས་དང་ནི།། བཅོམ་ལྡན་ལྷ་ཡི་དབང་ཕྱུག་བཅས།། ལྷགས་ནས་བྱང་ཆུབ་སེམས་དཔའ་དེས།། དེ་ཚེ་རྒྱལ་བ
463a5 མཆོག་ལ་བཏུད།། རྒྱལ་བ་མཆོག་ཀུན་ཕྱག་འཚལ་ནས།། འོད་ཆེན་འོད་སྲུངས་ལ་ཡང་བཏུད།། དེ་ཚེ་ཐུབ་པས་རྗེས་གནང་ནས།། སྔགས་ཀྱི་ཚིག་ནི་འདི་སྨྲས་སོ།། ན་མཿསརྦ་བུད་དྷ་བོ་དྷིས
463a6 ཏེ་བྷྱཿ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནེ་བྷྱཿ། ཨོཾ་ཧ་ན་ཧ་ན། སརྦ་བྷ་ཡོད་སྠཱ་དཱ་ཡ་ཏཱ་སྟཱ་ཡ། མོ་ཊ་ཡ། ཚིནྡ། ཚིནྡྷ། ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ
463a7 གཞོན་ནུར་གྱུར་པས་སྔགས་འདི་སྨྲས་མ་ཐག་ཏུ་ས་ཆེན་པོ་འདིར་དང་རྒྱ་མཚོའི་མཐར་ཐུག་པ་དང་བཅས་པ་རྣམ་པ་དྲུག་ཏུ་གཡོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཞིང་མཐའ་ཡས་པ
iiif viewer powered by OpenSeadragon
462b - 463b