| | e-texts navigator
|
462a1 ཚོགས་པར་འགྱུར།། རྣམ་པ་སྣ་ཚོགས་ལོངས་སྤྱོད་ཚོགས།། རྒྱལ་མཆོག་དམ་པས་ཐོབ་པར་འགྱུར།། འགྲོ་དང་གནས་པའི་དུག་དག་དང་།། གཞན་གྱིས་བྱས་པའི་རིག་པ་དང་།།
462a2 རོ་ལངས་སྔགས་ཀྱི་སྒྲུབ་པ་དང་།། མཚོན་གྱིས་ཀྱང་ནི་གནོད་མི་འགྱུར།། གཞན་གྱིས་གནོད་བྱེད་གཙེར་བྱེད་པས།། ས་སྟེངས་འཇིག་རྟེན་གནོད་མི་བྱེད།། ཆོམ་རྐུན་ནད་ནི་གཞན་དག་དང་།། མེ་ཡི་འཇིགས
462a3 པ་དེ་ལ་མེད།། རྒྱལ་པོ་སྐྱེ་བོ་དག་ཀྱང་རུང་།། སུ་ཞིག་དེ་ལ་མཆོད་མི་བྱེད།། གང་ཞིག་མདོ་སྡེ་དཀོན་མཆོག་འདི།། འཆང་དང་ཀློག་པའང་དེ་བཞིན་ནོ།། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས།། དབང་བསྐུར་ཡུལ
462a4 དུ་ཉེར་གནས་ཚེ།། མདོ་སྡེ་མགོ་ལ་ངེས་བཅིངས་ནས།། ཡང་དང་ཡང་དུ་ཕྱག་འཚལ་ན།། དེ་ལ་རྐུན་པོས་མི་གནོད་ཅིང་།། མཚོན་གྱིས་དེ་ལ་འཕོག་མི་འགྱུར།། གཞོན་ནུའི་གཟུགས་སུ་ཡང་དག་བྱུང་།།
462a5 རྨ་བྱའི་གདན་ལ་ལེགས་བཀོད་པ།། གླང་པོའི་འཚོགས་མའི་སྟེང་བཞག་ནས།། གཡུལ་དུ་ཡང་དག་ཞུགས་བྱས་ན།། སྐྱེ་བོ་རྣམ་སྡང་དེ་དག་ཀུན།། མཐོང་བ་ཙམ་གྱིས་ལྡོག་པར་བྱེད།། བྱིས་པ
462a6 གཟུགས་ཅན་བཟང་པོ་ནི།། གཞོན་ནུ་རྒྱན་གྱིས་ཡོངས་སུ་བརྒྱན།། གསེར་དང་དངུལ་དང་རགར་གྱིས།། རྒྱལ་མཚན་ཡུབ་བསྒྲེང་བ་ལ།། དེ་ཡི་ཚན་འཇུག་པར་བྱ།། རྒྱུ་ལ་མཚན་པ་དན་བཏགས་ནས།།
462a7 ལེགས་དགོད་ལེགས་པར་མཉམ་པར་བཞག། གཡུལ་དུ་དགྲས་ནི་ལེགས་གང་བ།། མཚོན་ཆ་སྣ་ཚོགས་ཐོགས་བྱེད་པ།། ཐམས་ཅད་གཡུལ་དུ་འདུས་པ་ལས།། དེ་ཡི་ཚེ་ན་འཇུག་པར་བྱ།། རྒྱལ་མཚར།།
iiif viewer powered by OpenSeadragon
461b - 462b