e-texts navigator
Collection
Volume
Page
Wylie

461a1 བས་འཚོ་བྱེད་པའང་།། གང་ཞིག་མདོ་འདི་འདོན་ལ་མིན།། འཆང་བ་དང་ནི་ཀློག་པ་དང་།། ཡང་དང་ཡང་དུ་མཆོད་བྱེད་དང་།། འཇིགས་པ་མེད་པས་མཆོད་བྱེད་དགག་རྣམ་པ།
461a2 སྣ་ཚོགས་མཆོད་བྱེད་དེ།། ཕན་ཡོན་ནུ་དི་ནི་རབ་བསྟན་པ།། འཇིག་རྟེན་འདི་དྲི་ཐོབ་འགྱུར་བ། ནད་པ་རྣམས་ནནད་ལས་གྲོལ།། སྡུག་བསྔལ་ཅན་ནི་བདེ་བར་འགྱུར།། དབུལ་པོས་ནོད་ནི་ཏད་འགྱུར་ཏེ།།
461a3 བཅིངས་པ་རྣམས་ནི་འཆིང་ལས་གྲོལ།། འགྲོ་བ་ལྔ་དང་ལྡན་པ་ཡི།། འཁོར་བའི་སྡུག་བསྔལ་ལྟུང་བ་རྣམས།། བདེ་བ་ཞི་པ་མྱ་ངན་འདས།། མི་གཡོ་གོ་འཕང་ཐོབ་པར་འགྱུར།། རང་རྒྱལ་སངས
461a4 རྒྱས་ཉིད་དང་ནི།། ཉན་ཐོས་མཐར་ནི་ཕྱིན་པར་འགྱུར།། མདོ་སྡེ་འདི་ནི་བཀླགས་པ་ཡིས།། སངས་རྒྱས་སྐུ་མདོག་ཐོབ་པར་འགྱུར།། གངྒཱའི་བྱེ་མ་མཉམ་པ་ཡི།། རྒྱལ་བ་མཆོག་ནི་མཐའ་ཡས་པ།།
461a5 མཆོད་པ་ཐོབ་པའི་བསོད་ནམས་དང་།། མདོ་འདི་བཏོན་པའི་བསོད་ནམས་མཉམ།། འཇིག་རྟེན་ཇི་སྙེད་གང་སུ་དག། ཞིང་ནི་བྱེ་བ་མཐའ་ཡས་པ།། དེ་སྲིད་ཕྲ་རབ་རྡུལ་སྙེད་ཀྱི།། སངས་རྒྱས
461a6 རྣམས་ལ་རྟག་མཆོད་པ།། རྣམ་པ་སྣ་ཚོགས་བཟའ་བཏུང་དང་།། ན་བ་རྣམས་ཀྱི་གསོས་སྨན་དང་།། རྣམ་པ་སྣ་ཚོགས་གནས་མལ་རྣམས།། རྟག་ཏུ་ཐམས་ཅད་རབ་སྦྱིན་དང་།། རྣམ་པ་སྣ་ཚོགས
461a7 གོས་དང་ནི།། ཕྱེ་མ་དག་ནི་ཀུན་གྱིས་ཀྱང་།། བསོད་ནམས་སྐྱེ་བོས་ཐོབ་གང་ཡིན།། འདི་དག་འཆང་དང་ཀློག་པས་སོ།། གང་ཞིག་རང་སངས་རྒྱས་རྣམས་དང་།། འཇིག་རྟེན་ཉན་ཐོས་རྫུ་འཕྲུལ




iiif viewer powered by OpenSeadragon

460b - 461b

Texts on this page

Ty066-035 - 'phags pa 'jam dpal gyi rtsa ba'i rgyud
Ty066-041 - rje btsun 'phags pa 'jam dpal gyi shes rab dang blo 'phel ba zhes bya ba'i gzungs