e-texts navigator
Collection
Volume
Page
Wylie

460a1 འགྱུར་རོ།། དེ་བས་ན་གཞན་དག་ལའང་བསྟན་པར་མི་བྱའོ།། དམ་ཚིག་དང་། གསང་བ་དང་། གསང་བའི་སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་ཞུགས་པའི་སེམས་ཅན་རྣམས་དང་།
460a2 དེ་བཞིན་གཤེགས་པའི་བསྟན་པ་ལ་ལེགས་པར་བརླབས་པ་རྣམས་དང་། ལེགས་པར་རྣམ་པར་བཞག་པའི་དྲན་པ་དང་ལྡན་པ་རྣམས་དང་། ཆོས་ཀྱི་དོན་ལ་མཁས་པ་དང་། བསམ་གཏན་ལ
460a3 རབ་ཏུ་ཞུགས་པ་དང་། ཆོས་ལ་གནས་པ་དང་། བདེན་པར་སྨྲ་བ་དང་། སེམས་ཅན་གྱི་སྤྱོད་པ་ལ་རབ་ཏུ་གནས་ཤིང་སྙིང་རྗེའི་སྤྱོད་པ་དང་རབ་ཏུ་ལྡན་པ་རྣམས་ཏེ། སེམས་ཅན་འདི་དག་ལ
460a4 བསྟན་པར་བྱ་ཡི།། གཞན་དག་ལ་ནི་མ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་བསྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི
460a5 ལྷ་ང་ས་ལ་གཙུགས་ཏེ་ཐལ་མོ་སྦྱར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲང་ས་འདིའི་མིང་ཅི་ཞེས་བྱ། འདི་བདག་གིས་ཇི་ལྟར་གཟུང་བར
460a6 བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བར་ཡང་ཟུང་ཞིང་། ངོ་མཚར་རྨད་དུ་བྱུང་བ
460a7 ཆོས་ཀྱི་མན་ངག་ལེགས་པར་བསྟན་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཞིག། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་འཇུག་པ་རྒྱད་ཐམས་ཅད་ཀྱི་མཛོད་ཅེས་བྱ་བར་ཡང་བུང་ཞིག། ཐེག་པ




iiif viewer powered by OpenSeadragon

459b - 460b

Texts on this page

Ty066-035 - 'phags pa 'jam dpal gyi rtsa ba'i rgyud
Ty066-041 - rje btsun 'phags pa 'jam dpal gyi shes rab dang blo 'phel ba zhes bya ba'i gzungs