e-texts navigator
Collection
Volume
Page
Wylie

459b1 པ་འམ། དེར་འདི་ལ་ཆོམ་རྐུན་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ།། ལྷ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་འཇིགས་པ་འམ། དེང་འདི་ལ་གཞན་གྱི་སྔགས་ཀྱི་འཇིགས་པ
459b2 འབྱུང་བར་མི་འགྱུར་རོ།། སྦྱར་བའི་དུག་ཐམས་ཅད་ཀྱི་འཇིགས་པ་འམ། དེར་འདི་ལ་ནད་ཀྱི་འཇིགས་པ་དང་། རིམས་དང་། ཚད་པར་འཁྲུ་བ་དང་། མ་ཞུ་བ་དང་། ཡན་ལག་དང་ཏིང་ལག་གི
459b3 འཇིགས་པ་འབྱུང་བར་མི་འགྱུར་ཏེ། ཕན་ཡོན་བཅུ་པོ་འདི་དག་ཏུ་ཤེས་པར་བྱའོ།། གང་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོ་ག་ཆེན་པོ་རབ་འབྱམས་ཆོས་ཀྱི་མཛོད་འདི་གླེགས་བམ་དུ་བྱས
459b4 ཏེ་བནག་ལ། འདྲི་བ་དང་། ཀློག་པ་དང་། མཆོད་པ་དང་། འཛིན་པ་དང་། ཁ་ཏོན་དུ་བྱེད་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤིན་ཏུ་བཟུང་ཞིང་ཆོས་ཀྱི་མཛོད་མངོན་དུ་འགྱུར་རོ།། དམ་ཚིག
459b5 གི་སྤྱོད་པ་ལ་རྗེ་སུམ་ཞུགས་པ་དང་། དམ་ཚིག་མི་ཤེས་པ་གཞན་དག་ལ་ནི་རྣམ་པ་ཐམས་ཅད་དུ་བསྟན་པར་མི་བྱ་སྟེ། གང་གི་ཕྱིར་འདི་ནི་གསང་བ་ཡིན་པའི་ཕྱིར་ཏེ། འདིས་ནི་ཐམས་ཅད
459b6 མཚོན་པ་ཡིན་ནི་སེམས་ཅན་རྣམས་ཀྱིས་དྲན་པ་མེད་པར་མ་བྱེད་ཅིག། འོན་ཀྱང་ཁྱོད་ཀྱིས་ཤེས་པར་འགྱུར། མཆོད་པ་བྱེད་པར་འགྱུར། ཡང་དག་པར་འཛིན་པར་འགྱུར་ཞིང་། བསོད་ནམས
459b7 ཆེན་པོའང་རབ་ཏུ་སྐྱེ་བར་འགྱུར་རོ།། སེམས་ཅན་སྐལ་པ་མེད་པ་རྣམས་ལ་བསྟན་པར་མི་བྱ་སྟེ། གཞན་དུ་ན་དབུལ་བ་དང་། ནད་དང་། མཛེ་དང་། འཚེ་བ་དང་། འགྲོ་བའི་ནད་ཉིད་བྱེད་པར




iiif viewer powered by OpenSeadragon

459a - 460a

Texts on this page

Ty066-035 - 'phags pa 'jam dpal gyi rtsa ba'i rgyud
Ty066-041 - rje btsun 'phags pa 'jam dpal gyi shes rab dang blo 'phel ba zhes bya ba'i gzungs