| | e-texts navigator
|
459a1 འཆང་བར་འགྱུར། གུས་པར་བྱས་ཏེ་ཡིད་ལ་བྱས་པར་འགྱུར། གོས་རྣམ་པ་སྣ་ཚོགས་དང་། བྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དྲིལ་བུ་དང་།
459a2 རོལ་མོ་དང་། འཕྲེང་བ་དང་། བྱུག་པ་དང་། སྤོས་དང་། དྲི་དང་། དྲི་ཞིམ་པོ་དག་གིས་མཆོད་པར་བྱེད་པར་འགྱུར། རི་བོར་བྱེད་པར་འགྱུར། ཡང་དག་པར་འཛིན་པར་བྱེད་པར་འགྱུར། ཡིད
459a3 གཅིག་པའི་སེམས་ཀྱིས་ཆོས་བྱེད་པར་འགྱུར་བ་དེ་ལ་ནི་ཕན་ཡོན་བཅུ་པོ་འདི་དག་ཏུ་འགྱུར་ཏེ། བཅུ་གང་ཞེ་ན། དེང་འདི་ལ་ཕ་རོལ་དམག་ཚེགས་ཀྱི་འཇིགས་པ་འབྱུང་བར་མི་འགྱུར། ཆང
459a4 འབབ་པ་མི་མཁས་པ་དང་། གཟའ་དང་། འཆི་བ་ཆེན་པོའི་འཇིགས་པ་འབྱུང་བར་མི་འགྱུར་རོ།། མི་མ་ཡིན་པའི་འཇིགས་པའམ། དེར་འདི་ལ་མེའི་འཇིགས་པ་འབྱུང་བར་མི་འགྱུར་རོ།།
459a5 ཕྱིར་རྒོལ་བ་ཐམས་ཅད་ཀྱི་འཇིགས་པ་འམ། དེར་འདི་ལ་ནད་ཀྱི་འཇིགས་པ་འབྱུང་བར་མི་འགྱུར་རོ།། དུས་མ་ཡིན་པར་འཆི་བའི་འཇིགས་པ་འམ། དེར་འདི་ལ་དུས་མ་ཡིན་པའི་ཆར་གྱི་འཇིགས
459a6 པ་འབྱུང་བར་མི་འགྱུར་རོ།། ཆར་ཆེས་པའི་འཇིགས་པའམ། དེར་འདི་ལ་རླུང་ཆེན་པོའི་དཀྱིལ་འཁོར་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ།། ཤ་ཟ་ཐམས་ཅད་ཀྱི་འཇིགས་པའམ། དེར་འདི་ལ
459a7 དགྲའི་འཇིགས་པ་འབྱུང་བར་མི་འགྱུར་རོ།། དེ་བཞིན་དུ་གཡོན་ཅན་རྐུན་པོའི་འཇིགས་པའམ། དེར་འདི་ལ་འཆི་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ།། གཤིན་རྗེའི་རྒྱལ་པོས་ཁྱ་པའི་འཇིག།
iiif viewer powered by OpenSeadragon
458b - 459b