| | e-texts navigator
|
458b1 མང་ཐོས་ཡིན།། རང་བྱུང་སངས་རྒྱས་ཆོས་ཀྱི་རྒྱལ།། སེམས་ཅན་ཀུན་གྱི་དོར་སྒྲུབ་པ།། སེམས་ཅན་རྣམས་ནི་མ་ལུས་དང་།། ལྷ་གནས་ཀྱིས་ཀྱང་མཆོད་པའོ།། རྒྱལ་པོ་ཆེན་པོ་བཞི་པོ་ཡང་།
458b2 འཇིག་རྟེན་ཀུན་ལ་གྲགས་པ་སྟེ།། འཕགས་སྐྱེས་པོ་དང་མིག་མི་བཟང་།། ཡུལ་འཁོར་སྲུང་དང་གནོད་སྦྱིན་རྒྱལ།། བརྒྱ་བྱིན་དེ་ནས་ལྷ་རྣམས་ཀྱིས།། ངེས་པའི་ཚེར་ནི་རབ་ཏུ་བསྒྲགས
458b3 འཐབ་བྲལ་ལྷ་ཡི་བུ་དང་ནི།། འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང་།། རྒྱལ་པོ་དགའ་ལྡན་གསུངས་པ་དང་།། འདོད་པའི་ཁམས་ཀྱི་དབང་ཕྱུག་མཆོག། གཅིག་གི་མིང་ནི་བརྒྱ་བྱིན་སོག།
458b4 དེ་བཞིན་འདོད་ཁམས་དབང་ཕྱུག་ཡིན།། དེ་ཡང་རྟག་ཏུ་གཅིག་གནས་ཏེ།། རྫུ་འཕྲུལ་ཆེན་པོ་གཅིག་གི་གཟུངས།། དེ་ཡང་མཐའ་ཡས་དག་ཏུ་བསྟན།། རྣམ་པ་སྣ་ཚོགས་གཟུགས་འཆང་།
458b5 ལྷ།། དེ་ལས་གོང་དུ་ཐམས་ཅད་མཉམ།། དེ་ཡང་ཐམས་ཅད་རྫུ་འཕྲུལ་ཆེ།། ལྷ་ཡི་གཙོ་བོ་མིང་གཅིག་སྟེ།། འདུ་ཤེས་མེད་པའི་མཐའ་ཡང་བསྟན།། དེ་དག་གཙོ་བོ་མེད་པ་སྟེ།། མཉམ་པའི
458b6 ཚུལ་དུ་ཡང་དག་གནས།། འོག་ཏུ་མནར་མེད་མཐར་ཐུག་པར།། དེར་ནི་རྒྱལ་པོ་ཡོད་མ་ཡིན།། འཇམ་དཔལ་དེ་ལྟ་བས་ན་དེ་ལྟར་ཕྱི་མའི་ཚེ་ཕྱི་མའི་དུས་སུ་རིགས་ཀྱི་བུ་འམ།། རིགས་ཀྱི་བུ་མོ་ག
458b7 ཁ་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་མཛོད་འདི་གླེགས་བམ་དུ་ཆུད་པར་བྱས་ཏེ་འདྲི་བར་འགྱུར། ཀློག་པར་འགྱུར། ཁ་ཏོན་དུ་བྱེད་པར་འགྱུར་བ་འམ། གླེགས་བམ་དུ་བྱས་ཏེ
iiif viewer powered by OpenSeadragon
458a - 459a