| | e-texts navigator
|
458a1 #པ་རྗེས་གཟུང་མ་རུངས་དང་།། ཚངས་པའི་སྲིན་པོ་སྲིན་པོ་དང་།། འབྱུང་པོ་ཤིན་ཏུ་མ་རུངས་བཅས།། རྣམ་པ་སྣ་ཚོགས་ཤུ་ཟ་དང་། ཁརྟན་དང་འགྲོ་བ་སྣ་ཚོགས་ནི།
458a2 དེ་དག་མ་ལུས་དབང་དུ་འགྱུར།། དེ་བཞིན་བྲམ་ཟེའི་མཚན་ལྡན་པ།། ཐམས་ཅད་དེ་ཡི་དབང་དུ་འགྱུར།། དེ་འོག་རྣམ་པར་གྲགས་པ་ནི།། ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི།། ཡི་གེ་དང་པོ་པ་བསྟན།
458a3 པ། སྟོན་པའི་བསྟན་པ་དེ་གཙེཙོ་བྱེད།། མཆོད་རྟེན་ཀུན་དགའ་ར་བ་གནས།། སྟོན་པའི་གཟུགས་བརྙན་ཡིད་འོང་གིས།། ས་ནི་རྒྱ་མཚོ་གཉིས་མཐར་ཐུག། ཐམས་ཅད་ཀྱི་ནི་རྒྱན་དུ་བྱས
458a4 དེ་འོག་རྣམ་པར་གྲགས་པ་ནི།། བྲམ་ཟེ་གཙོ་བོ་དོར་ཆེན་ལྡན།། དང་པོའི་ཡི་གེ་ན་ཞེས་པ།། ལྷོ་ཡི་ཕྱོགས་སུ་ཡང་དག་བརྟེན།། བདག་ཉིད་ཆེན་པོ་སྔགས་ཟློས་ལྡན།། ངེས་པར་བྱང་ཆུབ
458a5 གཞོལ་བར་འགྱུར།། དབུས་ཀྱི་ཡུལ་དུ་བསྟན་པ་ནི།། བྲམ་ཟེ་གང་བ་བཟང་ཞེས་པ།། འདུལ་བ་དང་ནི་ཚུལ་བཟང་ཉིད།། གང་བ་བཅོམ་པ་རླག་དག་ཏུ་གནས།། དང་ཡིག་བྷ་ནི་ནོར་གྱི་སྤྱ།།
458a6 རྒྱལ་པོ་རྣམས་ཀྱི་སྔགས་མཆོད་བྱེད།། ཟམ་ཟེ་འདི་དག་བསྟན་པ་ནི།། སྟོན་པའི་བསྟན་པ་མཆོད་བྱེད་པའོ།། ཐོག་མ་པར་མཐའ་གཙོ་བོ་སྟེ།། རྣམ་པ་སྣ་ཚོགས་གནས་དང་རིགས།།
458a7 ཕྱོགས་ཀྱི་བྲམ་ཟེ་རྣམས།། བྲམ་ཟེ་གཞན་གྱིས་མཆོད་པར་བྱེད།། མུ་སྟེགས་སྣ་ཚོགས་རིགས་དང་ནི།། རྣམ་པ་སྣ་ཚོགས་སྤྱོད་ཡུལ་སྤྱོད།། གནས་ནི་ཀུན་ཏུ་གསུངས་པ་སྟེ།། བྲམ་ཟེ་ཁྱེན
iiif viewer powered by OpenSeadragon
457b - 458b