e-texts navigator
Collection
Volume
Page
Wylie

333a1 ཇི་ལྟ་བ་དང་། རང་གི་སྐལ་བ་ཇི་ལྟ་བའི་གནས་རྙེད་པར་འགྱུར་རོ།། དེ་ཉིད་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་པའང་འཐོབ་པར
333a2 འགྱུར་ཏེ། དེ་ལ་ལུས་ཉམས་པར་ཡང་མི་འགྱུར་རོ།། ཐ་བས་མཁས་པ་ཉིད་ཀྱིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱད་ཀྱང་གཟི་བརྗིད་མཚུངས་པ་མེད་པ་ཉིད་དུ་འགྱུར་རོ།། འཁོར་ལོ
333a3 རིམ་པ་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་དང་། མདུང་དང་རལ་གྲི་དང་། རྩེ་གཅིག་པ་དང་། གཏུན་ཤིང་དང་། དབྱིག་པ་དང་། སྟ་རེ་དང་། ཁ་ཊྭཱཾ་ག་དང་། གྲི་གུག་དང་། ཆུ་གྲི་དང་། ལྕགས
333a4 ཀྱུ་ལའང་བ་སྒྲུབ་པར་བྱའོ།། ཐབས་ལ་མཁས་པ་དང་ལྡན་ཞིང་སེམས་ཅན་ཡོངས་སུ་སྲུང་བའི་བློ་ཅན་ལུས་དང་སྲོག་ལ་ལྟོས་པ་མེད་པ་ཐམས་ཅད་དུ་རྗེས་སུ་འགྲོ་བའི་ཡིད་བྱེད
333a5 པས་ལྕགས་དང་། གསེར་དངུལ་དང་། ལྕགས་གསུམ་དང་། ཙན་དན་དང་། རྡོ་དང་། ཐ་ན་ཤིང་དང་ས་ལས་བྱས་པའམ། ཏ་ལའི་ལོ་མའི་རང་བཞིན་ཅན་ལས་བྱས་པ་ལ་སྔར་སྨོས
333a6 པའི་ཚོ་གས་གཅིག་པུ་དབེན་པར་འདུག་སྟེ་འབུམ་བཟླས་པས་བསྒྲུབས་ན་གོང་མ་བཞིན་རིག་པ་འཛིན་པར་འགྱུར་རོ།། སྡོང་རོས་སམ། ལིག་བུ་མིག་གམ། བ་བླ་འམ། གིའུ་ཝང
333a7 ལ་སོགས་པ་ལོ་མའི་བར་རམ། གོས་ཀྱི་བར་རམ། ལྕགས་ཀྱི་ཁ་སྦྱར་དུ་བཅུག་ལ་བསྒྲུབ་པར་བྱ་བ་འམ། གོས་སམ། རྒྱལ་མཚན་ནམ། ནོར་བུ་འམ། མུ་ཏིག




iiif viewer powered by OpenSeadragon

332b - 333b

Texts on this page

Ty065-012 - dam tshig gsum bkod pa'i rgyal po zhes bya ba'i rgyud