| | e-texts navigator
|
330a1 དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པའི་འཕྲིན་ལས་ཀྱིས་དབུལ་བར་བྱའོ།། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི
330a2 ཀྱི་སྟོབས་དང་། བདག་གི་བསོད་ནམས་ཀྱི་སྟོབས་དང་། རིག་པའི་གསང་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་མཆོག
330a3 ཏུ་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག་ཏུ་རྒྱ་ཆེན་པོ་གོང་མ་ལས་བླ་མར་མངོན་པར་བསྒྲུབས་པའི་མཆོད་པའི་སྤྲིན་རབ་ཏུ་འབབ་པར་འགྱུར་བ་ར་བ་སམས་པ
330a4 འམ་བརྗོད་ལ། མཆོད་པ་ཆེན་པོ་མངོན་པར་སྒྲུབ་པར་བྱེད་པ་རིག་པའི་རྒྱལ་མོ་ཆེན་མོ་འདི་ལན་བརྒྱད་བརྗོད་པར་བྱའོ།། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ནཱཾ་སརྦྦ་ཐཱ། ཨུངྒ་ཏེ་སྥ་ར་ན
330a5 ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཇི་ལྟར་མངོན་པར་བསྔོས་པ་ལྟར་དེ་བཞིན་དུ་དྲ་བར་འབྱུང་བར་འགྱུར་རོ།། མཆོད་པ་དེ་དག
330a6 ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་ཏོ།། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་ཡོན་ཏན་དང་། བསྔགས
330a7 པ་དང་། གྲགས་པ་སྣ་ཚོགས་ཀྱི་ཀླུའི་སྤྲིན་རྒྱ་མཚོ་རབ་འབྱམས་ཚིག་ཏུ་བརྗོད་པ་འམ་བསམས་ལ། འདི་ལྟ་བུའི་བསྟོད་པ་དཔེ་མེད་པ་ངེས་པར་སྒྲུབ་པར་བྱེད་པའི་རིག་པའི་རྒྱར་སོ།།
iiif viewer powered by OpenSeadragon
329b - 330b