| | e-texts navigator
|
328b1 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་སྟོབས་དང་། སྟོབས་སྣ་ཚོགས་མངོན་པར་སྒྲུབ་པར་བྱེད་པར་སྒོ་སངས་རྒྱས་རྗེས་སུ་དྲན་པའི་མོས་པས་སྙིང་པོ་འདྲ།
328b2 བཟླས་ན་གཟུགས་སྣ་ཚོགས་མཐོང་བར་འགྱུར་རོ།། མདོར་བསྡུས་ན་སངས་རྒྱས་འབྱུང་བའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པའང་མཐོང་བར་འགྱུར་རོ།། དེ་བཞིན་གཤེགས་པའི
328b3 གསུང་གི་འཁོར་ལོའི་དཀྱིལ་འཁོར་ཡང་འབྱིན་པར་འགྱུར་རོ།། གསེར་དང་། ནོར་བུ་དང་། མུ་ཏིག་ལ་སོགས་པའི་ཆར་ཡང་མངོན་པར་འབབ་པར་འགྱུར་རོ།། སེམས་ཅན་གྱི་ཁམས
328b4 ཅད་དུ་ཡི་དགས་རྣམས་ལ་བཟའ་བ་དང་། བཅའ་བ་དང་། བཏུང་བའང་མངོན་པར་རབ་ཏུ་འབབ་པར་འགྱུར་རོ།། དམྱལ་བ་རྣམས་ཀྱི་གྲང་བ་ལ་དྲོ་བའང་ཡང་དག་པར་སྐྱེད་པར་བྱེད་དོ།།
328b5 དུད་འགྲོ་རྣམས་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་བྱེད་དོ།། སེམས་ཅན་མོས་པའི་སྒོ་སྣ་ཚོགས་པའི་ཡུལ་ཅན་གྱི་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བར
328b6 དོ།། བྱིན་གྱིས་རློབ་པར་བྱེད། ཡོངས་སུ་འགེགས་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་འདུལ་བར་བྱེད། ངེས་པར་སྦྱོང་བར་བྱེད། རབ་ཏུ་སྦྱོང་བར་བྱེད། རྣམ་པ
328b7 འཕེལ་བར་བྱེད། དགའ་བར་བྱེད། སོ་སོར་འགོད་པར་བྱེད། རྣམ་པར་གྲོལ་བར་བྱེད། བྱང་ཆུབ་ཀྱི་ཐེག་པ་ལ་ལྷག་པར་འཇོག་པར་བྱེད། མྱུར་དུ་ལྷག་པར་འཛེག་པའི་ས་དང་ཕ་རོལ་ཏུ་ཕྱིན་པའི་མན
iiif viewer powered by OpenSeadragon
328a - 329a