| | e-texts navigator
|
328a1 ཏ་ཐཱ་ག་ཏཱ་ནཱཾ། སརྦྦ་ཛཱ་པྲ་ཏི་ཧ་ཏྲ་བཱཔྟི། དྷརྨ་ཏཱ་པཱ་ལི་ནཱཾ.ཾ་ཨ། སམ་ས་མ་ས་མནྟ་ཏོ།། ཨ་ནནྟ་བཱདྡྷི། ཤཱ་ས་ནི་ཧ་ར་ཧ་ར། རྫ་ར་སྥཱ་ར་ཎ་། ཁི་ག་ཏ་རཱ་ག།
328a2 བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བེ་ལཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་རཱ་ཎ་ལཀྵ་ཎེ། ཛཱ་ལ་ཛཱ་ལ་ན། སཱ་ག་རེ་སྭཱ་ཧཱ། དེ་ལ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི
328a3 སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་དང་ལྡན་པ། སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་འདིས
328a4 ལས་གང་ཞིག་བྱེད་པར་འགྱུར་བ་དེ་ནི་བསྐལ་པ་བརྒྱར་ཡང་དེ་བཞིན་གཤེགས་པས་བསྟན་པར་མི་སྤྱོད་ཀྱི། གཞན་དུ་མདོར་བསྡུས་ནས་གསུངས་པ་ཡིན་ནོ།། འདིས་སྐྱེས་བུ་དམ་པ་དེ་ནི
328a5 སྒོ་མཐའ་ཡས་པས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷག་པར་དམིགས་པའི་རྣམ་པར་ཐར་པའི་སྒོ་ལ་སོགས་པ་རྣམ་པར་ཐར་པའི
328a6 སྒོ་སྣ་ཚོགས་པའི་རྗེས་སུ་ཞུགས་པ། སེམས་ཅན་འདུལ་བའི་སྦྱོར་བ་རྣམ་པ་སྣ་ཚོགས་པས་གནས་པའི་ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བ། ལས་ཐམས་ཅད་རྗེས་སུ་དྲན་པའི
328a7 ཆོ་ག་ཡང་དག་པར་སྐྱོང་བའི་གཟུངས་ཐོབ་པར་འགྱུར་ཞིང་། སེམས་ཅན་གྱི་ཁམས་དང་མོས་པ་དང་རྗེས་སུ་མཐུན་པའི་གཟུགས་སྣ་ཚོགས་པ་མངོན་པར་འགྲུབ་པར་འགྱུར་རོ།།
iiif viewer powered by OpenSeadragon
327b - 328b