| | e-texts navigator
|
280b1 སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་བདག་གི་མཐུས་བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ
280b2 འཛིན་དང་། དྲན་པ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། གཟུངས་ཀྱི་སྒོ་རྣམས་མངོན་དུ་གྱུར་ཅིག། ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག་ཅེས་བཏབ་པོ།།
280b3 དེའི་སྨོན་ལམ་ཆེན་པོ་བདུན་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི། སེམས་ཅན་གང་དག་དམན
280b4 པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས
280b5 པར་གྱུར་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པ
280b6 རྫོགས་པར་སངས་རྒྱས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག། ཉན་ཐོས་དང་རང་སངས་རྒྱས་ཀྱིས་འཕྱོགས་པར་གྱུར་ཅིག། བྱང
280b7 ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག་ཅེས་བཏབ་བོ།། དེའི་སྨོན་ལམ་ཆེན་པོ་བརྒྱད་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི
iiif viewer powered by OpenSeadragon
280a - 281a